ཀྲུང་གོ་བོད་ཀྱི་དྲ་བ།

སློབ་སྐབས་གསར་བ་མགོ་ཚུགས་རྗེས་སྒྲིག་ཁྲིམས་འདི་དག་ནན་སྲུང་བྱེད་དགོས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུའུ་ཡིས་ཚེས30ཉིན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ཏེ་ནན་གྱིས་བསྟན་དོན། སློབ་གྲྭས་འགན་ཁུར་བའི“གཉིས་འཕྲི”བྱ་བའི་ལས་འགན་དངོས་འབེབ་བྱ་རྒྱུ་དང་སློབ་གསོའི་སློབ་ཁྲིད་བྱ་བའི་སྒྲིག་ཁྲིམས་ངེས་པར་དུ་དངོས་འབེབས་བྱེད་དགོས། སློབ་སྐབས་གསར་བ་མགོ་ཚུགས་རྗེས་འོས་འགན་སློབ་གསོའི་སློབ་གྲྭ་ཁག་གིས། གཅིག་ནས་འོས་འཚམས་དང་དྲང་སྙོམས་ཡོང་དགོས་པའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་འཛིན་གྲྭ་བཀོད་སྒྲིག་བྱ་རྒྱུ་ལས་དོན་དག་གཞན་པར་ཁ་གཡར་ནས་གཙོ་གནད་འཛིན་གྲྭ་སོགས་འཛུགས་མི་རུང་བ་དང། གཉིས་ནས་སློབ་ཁྲིད་ཀྱི་འཆར་འགོད་ལག་བསྟར་ནན་མོ་བྱ་རྒྱུ་ལས་སློབ་ཐུན་འཕྲི་སྣོན་ནམ་དཀའ་ཚད་བསྒྱུར་བ། ཁྲིད་ཚད་བསྒྱུར་བ་དང་སློབ་ཁྲིད་རྗེས་ཀྱི་ཞབས་ཞུའི་དུས་ཚོད་བེད་སྤྱད་ནས་ནང་དོན་གསར་བ་ཁྲིད་པ་སོགས་བྱ་མི་རུང་། གསུམ་ནས་ལས་བྱ་དོ་དམ་གྱི་གཏན་འབེབས་ལག་བསྟར་ནན་མོ་བྱས་ཏེ་ཁྱིམ་བདག་ལ་ལས་བྱ་བཀོད་སྒྲིག་བྱེད་པའམ་ཡང་ན་རྣམ་པ་གཞན་བསྒྱུར་གྱི་ལས་བྱ་བཀོད་སྒྲིག་བྱེད་མི་རུང་ལ། སློབ་མ་རང་ཉིད་ལ་ལས་བྱ་དག་བཅོས་བྱེད་པའི་རེ་བའང་འདོན་མི་རུང་། བཞི་ནས་རྒྱུགས་སྤྲོད་དོ་དམ་གྱི་གཏན་འབེབས་ལག་བསྟར་ནན་མོ་བྱས་ཏེ་ཁྲིམས་འགལ་གྱི་རྒྱུགས་སྤྲོད་རྩ་འཛུགས་བྱེད་པ་དང་། སློབ་མའི་སྐར་འབྲས་ལ་བལྟས་ནས་འཛིན་གྲྭ་བཀར་བའམ་འདུག་སྟེགས་བརྗེ་བ་སོགས་བྱས་མི་ཆོག་པ་བཅས་ཡིན།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།