ཀྲུང་གོ་བོད་ཀྱི་དྲ་བ།

ཧན་རྒྱལ་ཁབ་དུ་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་གདུང་རུས་ཁག་བརྒྱད་པ་པུར་སྒམ་དུ་བཅུག་ནས་རྩིས་སྤྲོད་ལེན་བྱེད་པའི་ལས་དོན་དངོས་སུ་སྤེལ་མགོ་ཚུགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས29ཉིན་གསར་འགོད་པས་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་དང་ཧན་རྒྱལ་ཁབ་གཉིས་བར་ཐུན་མོང་གི་ངོས་འཛིན་བྱུང་སྟེ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ་ཡིས་སྣེ་ཁྲིད་ཅིང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་ལེའོ་ཉིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་ཚེས29ཉིན་ཧན་རྒྱལ་ཁབ་དུ་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་གདུང་རུས་ཁག་བརྒྱད་པ་པུར་སྒམ་དུ་བཅུག་ནས་རྩིས་སྤྲོད་ལེན་བྱེད་པའི་ལས་དོན་དངོས་སུ་སྤེལ་མགོ་ཚུགས་པ་རེད།

ཀྲུང་གོ་དང་ཧན་རྒྱལ་ཁབ་གཉིས་ཀྱིས་ཟླ9པའི་ཚེས2ཉིན་ཧན་རྒྱལ་ཁབ་ཀྱི་རེན་ཁྲོན་དུ་སྔོན་གཤེགས་དཔའ་བོའི་གདུང་རུས་པུར་སྒམ་དུ་བཅུག་པའི་མཛད་སྒོ་སྤེལ་རྒྱུ་དང་། ཟླ9པའི་ཚེས2ཉིན་གྱི་སྔ་དྲོ་ཧན་རྒྱལ་ཁབ་ཀྱི་རེན་ཁྲོན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་རྩིས་སྤྲོད་ལེན་གྱི་མཛད་སྒོ་འཚོག་རྒྱུ་རེད། དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་གདུང་རུས་དབོར་འདྲེན་བྱེད་པའི་ཆེད་གཏོང་གནམ་གྲུ་ཧྲེན་དབྱང་དུ་འབྱོར་རྗེས་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཟླ9པའི་ཚེས2ཉིན་གྱི་སྔ་དྲོར་ལེའོ་ཉིང་ཧྲེན་དབྱང་ཐའོ་ཞན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་སྔོན་གཤེགས་དཔའ་བོའི་གདུང་རུས་བསུ་བའི་མཛད་སྒོ་འཚོག་རྒྱུ་དང་ཟླ9པའི་ཚེས3ཉིན་གྱི་སྔ་དྲོ་ཧྲེན་དབྱང་གི་ཨ་འགོག་ཁྲའོ་རོགས་སྔོན་གཤེགས་དཔའ་བོའི་དྲན་སོ་ཁང་དུ་པུར་འཇུག་མཛད་སྒོ་འཚོག་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།