ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་འགོག་སྨན་རྒྱག་པ་དེ་སློབ་གྲྭར་ཕྱིར་ལོག་པའི་ཆ་རྐྱེན་དུ་འཛིན་པ་མཚམས་འཇོག་དགོས་ཞེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ་ས་ཁུལ་ཁ་ཤས་ཀྱི་སློབ་གྲྭ་ཆུང་འབྲིང་གིས་ཁྱིམ་བདག་ལ་འགོག་སྨན་བརྒྱབ་པའི་བདེན་དཔང་འཁྱེར་ཡོང་བའི་བླང་བྱ་བཏོན་པ་དེར་སྤྱི་ཚོགས་ཡོངས་ཀྱི་དོ་སྣང་ཆེན་པོ་ཐོབ་ཡོད། སློབ་གསོ་པུའུ་ཡིས་ཉེ་ལམ་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ། སློབ་གསོ་པུའུ་ཡིས་དེར་ལན་བཏང་ནས། སློབ་གྲྭས་གཟབ་ནན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་བྱེད་དགོས་ན་ཡང་ཁྲིམས་དང་སྒྲིག་ལམ་ལྟར་སྒྲུབ་དགོས་ལ། སློབ་གསོ་པུའུ་ཡིས་ས་ཁུལ་ཁ་ཤས་ཀྱིས་འགོག་སྨན་རྒྱག་པ་དེ་སློབ་གྲྭར་ཕྱིར་ལོག་པའི་ཆ་རྐྱེན་དུ་འཛིན་པ་མཚམས་འཇོག་དགོས་ཞེས་བསྟན།

སློབ་གསོ་པུའུ་ཡི་པྲོག་གསར་གློ་ཚད་རིམས་ནད་བྱ་བའི་ཁ་གཏད་གཅོག་པའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་དང་ལུས་རྩལ་འཕྲོད་བསྟེན་སྒྱུ་རྩལ་སློབ་གསོ་སིའི་སི་ཀྲང་ཝང་ཏིན་ཧྥིང་གིས་བསྟན་དོན། སློབ་གྲྭ་ནི་མི་ཚོགས་འདུས་ཚད་ཆེས་ཆེ་བའི་གནས་ཤིག་ཡིན་ལ། ལྷག་པར་སློབ་གྲྭ་ཆུང་འབྲིང་དུ་ཕལ་ཆེ་བ་ནི་ལོ་ན་མ་སོན་པའི་བྱིས་པ་ཡིན་པས། རིམས་འགོག་ཚོད་འཛིན་གྱི་ཕྱོགས་ནས་སྔར་བས་གཟབ་ནན་དང་སྔར་བས་དམིགས་སར་འབྱོར་བར་བྱེད་དགོས་ཤིང་། འདི་ནི་ཧ་ཅང་དགོས་ངེས་ལྡན་པ་ཞིག་རེད། 

ཝང་ཏིན་ཧླིང་གིས་ནན་གྱིས་བཤད་རྒྱུར། སློབ་གྲྭ་རུ་རིམས་ནད་བྱུང་ན་དེའི་ཤུགས་རྐྱེན་དང་དེ་ལས་ཐོན་པའི་སློབ་གསོ་སློབ་ཁྲིད་དང་སྤྱི་ཚོགས་འཚོ་བའི་ཤུགས་རྐྱེན་ནི་ཧ་ཅང་ཆེ་བ་ཞིག་ཡིན། དེ་བས་སྤྱི་ཚོགས་ལས་ལྷག་པའི་གཟབ་ནན་གྱི་བྱེད་ཐབས་སྤྱོད་དགོས་ལ། ཡང་ཅིག་བཤད་ན་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བདེ་འཇགས་དམིགས་སར་འབྱོར་བར་ཁག་ཐེག་བྱེད་པའི་ཆེད་ཡིན་པ་དང་། འདི་ནི་གཟབ་ནན་ཡང་ཡིན་ཟེར། འོན་ཀྱང་དུས་མཚུངས་སུ་ཁྲིམས་དང་བསྟུན་དགོས་ཏེ། ས་ཁུལ་ཁ་ཤས་སུ་སློབ་མར་འགོག་སྨན་བརྒྱབ་ཡོད་མེད་དང་། ཐ་ན་ཁྱིམ་བདག་ལ་འགོག་སྨན་བརྒྱབ་ཡོད་མེད་དེ་སློབ་གྲྭར་ཕྱིར་ལོག་ཆོག་མིན་གྱི་ཆ་རྐྱེན་དུ་བཟུང་ཡོད་པ་ལ། སློབ་གསོ་པུའུ་ཡིས་མཐའ་གཅིག་ཏུ་མཚམས་འཇོག་དགོས་པར་བསྟན་ཡོད།

ཝང་ཏིན་ཧྥིང་གིས་བཤད་རྒྱུར། འགོག་སྨན་རྒྱག་པའི་ཐད་ལ། སློབ་གསོ་པུའུ་ཡིས་ཡོན་ཧྲི་ཀྲུང་ནན་ཧྲན་གདན་ཞུ་བྱས་ཏེ་སློབ་གསོ་མ་ལག་ལ་སྙན་ཞུ་ཞིག་ཕུལ་ཡོད་པ་དང་། ཀྲུང་ནན་ཧྲན་གྱིས་འགོག་སྨན་གྱི་སྲུང་སྐྱོབ་ནུས་པ་ནི་ཧ་ཅང་མངོན་གསལ་ཡིན་ཞིང་། འགོག་སྨན་གྱི་བདེ་འཇགས་རང་བཞིན་ལའང་ཡིད་ཆེས་བྱས་ཆོག་པར་བསྟན་པ་དང་། འོན་ཀྱང་མིག་སྔར་རང་རྒྱལ་གྱི་འགོག་སྨན་རྒྱག་པའི་ཁྲིམས་ལུགས་ཀྱི་གཞི་འཛིན་ས་ནི་ཅི་ཡིན་ཞེ་ན། ལོ12ནས་ལོ17བར་གྱི་ལོ་ན་མ་སོན་པའི་བྱིས་པ་རྣམས་ཀྱིས་ཐུན་མོང་གི་རྩ་དོན་ཞིག་བརྩི་སྲུང་བྱས་ཡོད་དེ། གནས་ཚུལ་ཤེས་པ་དང་ཡིད་མཐུན་བྱུང་བ། རང་འདོད་ཡིན་པ་བཅས་བརྩི་སྲུང་བྱས་ཡོད། དེ་བས་གནས་ཚུལ་ཤེས་པ་དང་རང་འདོད་ཡིན་པ་བཅས་ཀྱིས་འགོག་སྨན་རྒྱག་པ་དེ་མི་སྒེར་དང་ཡང་ན་མཉམ་དུ་འཚོ་བ་རོལ་པའི་མི་དེ་སློབ་གྲྭར་ལོག་པའི་ཆ་རྐྱེན་ཞིག་ཏུ་བརྩི་ཡོད། དེའི་རྐྱེན་གྱིས་ཚན་པ་འདིར་ཡང་བསྐྱར་ཡིག་ཐོག་སྙན་ཞུ་ཕུལ་ནས། ང་ཚོས་གཟབ་ནན་བྱེད་དགོས་པ་མ་ཟད། ཁྲིམས་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་བྱེད་དགོས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།