ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་སུམ་ཅུ་པ་པེ་ཅིན་དུ་མཇུག་བསྒྲིལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-08-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་སུམ་ཅུ་པ་ཚེས20ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་མཇུག་སྒྲིལ། ཚོགས་འདུའི་སྐབས་སུ་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས། ལྟ་ཞིབ་དཔོན་གྱི་བཅའ་ཁྲིམས་དང་། བཅའ་ཁྲིམས་རོགས་སྐྱོར་གྱི་ཁྲིམས། སྨན་པའི་བཅའ་ཁྲིམས་། གསར་དུ་བཟོ་བཅོས་བརྒྱབ་པའི་དམག་ཞབས་བཅའ་ཁྲིམས་བཅས་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་གྲངས་དང་འཆར་ལྡན་བུ་སྐྱེའི་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་བཅས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ལ། སློབ་གསོ་པུའུ་ཡི་པུའུ་ཀྲང་ཁྲེན་པའོ་ཧྲེང་གི་གོ་གནས་ཕྱིར་འཐེན་བྱས་ཏེ། ཧོའེ་ཅིན་ཕེང་སློབ་གསོ་པུའུ་ཡི་པུའུ་ཀྲང་གི་ལས་གནས་ལ་བསྐོ་བཞག་བྱེད་རྒྱུ་ཐག་བཅད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང91པ་དང་། 92པ། 93པ། 94པ།95པ། 96པ། 97པ་བཅས་ལ་སོ་སོར་མིང་རྟགས་བཀོད། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་མི151གྲོས་ཚོགས་ལ་ཞུགས། ཚོགས་ཞུགས་མི་གྲངས་ཁྲིམས་བཀོད་མི་གྲངས་དང་མཐུན།

གྲོས་ཚོགས་སྟེང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་རྩ་འཛུགས་བྱས་ནས་རིམ་པ་བཞི་པའི་ཁྲིམས་ཁང་གི་ཞིབ་གཅོད་འགན་ནུས་གནས་ཐིག་གཏན་འཁེལ་གྱི་བཅོས་བསྒྱུར་ཚོད་ལྟའི་བྱ་བ་སྤེལ་བར་དབང་སྩོལ་བའི་སྐོར་གྱི་ཆོད་དོན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ལ་ལའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

གྲོས་ཚོགས་ཀྱིས་བརྡས་ཐག་བཅད་དེ། ཝུའུ་ཧྲེ་ཀྲོའུ་རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་། ཧན་ཝེ་ཀུའོ་རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ།པུའུ་ཞའོ་ལིན་རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ། ཅང་ཁྲའོ་ལེང་རྒྱལ་ཡོངས་དམངས་ཆེན་ཞིང་ལས་དང་ཞིང་སྡེའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ། ཡོན་ཡུས་པའོ་རྒྱལ་ཡོངས་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་བཅས་ལ་བསྐོ་བཞག་བྱས་པ་དང།ཀུའུ་ཞའོ་ཡུས་ཀྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པའི་གོ་གནས་ཕྱིར་འཐེན་བྱས་པ་དང་། ཝང་རུའེ་ཧོ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བསྐོ་བཞག་བྱས་ལ། ལི་ཀུའོ་ཀྲང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་ཁ་གསབ་བསྐོ་གཞག་བྱས། ལི་ཧྲའོ་ཕིང་གི་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པའམ་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། སྐོར་སྐྱོད་ཁྲིམས་ར་ལྔ་པའི་ཁྲིམས་དཔོན་དང་། འདྲི་གཅོད་པ་བཅས་ཀྱི་གོ་གནས་ཕྱིར་འཐེན་བྱས་པ་དང་། ཧྲེན་ལེང་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པའམ་སྐོར་སྐྱོད་ཁྲིམས་ར་ལྔ་པའི་ཁྲིམས་དཔོན་ལ་བསྐོ་བཞག་བྱས།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཧྥེང་ཅུན་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཀྱི་ལས་གནས་དགོངས་ཞུའི་རེ་འདོད་དང་ལེན་བྱེད་པའི་སྐོར་གྱི་ཆོད་དོན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་ད་དུང་བསྐོ་འཐེན་གྲོས་གཞི་གཞན་དག་ལ་ཡང་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་དང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་ཡུའེ་ཡུའེ། ཅི་པིང་ཞོན། ཝན་ཨེ་ཞང་། ཁྲེན་ཀྲུའུ། ཝང་ཏུང་མིང་། ཏིང་ཀྲུང་ལི། ཧོ་མིང་ཅིན། ཚའེ་ཏ་ཧྥེང་།ཝུའུ་ཝེ་ཧྭ། དྲུང་ཡིག་ཆེན་མོ་དབྱང་ཀྲེན་ཝུའུ་བཅས་གྲོས་ཚོགས་ལ་ཞུགས།

རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབྱང་ཞའོ་ཏུའུ་དང་། རྒྱལ་དོན་ཨུ་ཡོན་ཀྲའོ་ཁོ་ཀྲི། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲང་ཅུན། རྒྱལ་ཡོངས་དམངས་ཆེན་ཆེད་གཉེར་ཨུ་ཡོན་ལྷན་ཁང་གི་ཁོངས་མི། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གྲོས་ཚོགས་མཇུག་བསྒྲིལ་རྗེས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཆེད་དོན་སློབ་ཁྲིད་ཨང་ཉེར་ལྔ་པ་བསྡུས་པ་དང་།ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མགོ་འཛིན་བྱས།རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྔོན་རྩིས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲི་ཡའོ་པིན་གྱིས《ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་ལེན་དངོས་འབེབས་བྱེད་པ།ཀྲུང་དབྱང་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་ལ་ཤུགས་སྣོན་པའི་ཆོད་དོན་ལ་བཟོ་བཅོས་བརྒྱག་པ་དང་།རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་པའི་ཆོད་དོན་གཏན་འབེབས་བྱེད་པ》ཞེས་པའི་འཆད་ཁྲིད་སྤེལ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།