ཀྲུང་གོ་བོད་ཀྱི་དྲ་བ།

ཟླ7པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན8152ལ་ཞིབ་བཤེར་ཐག་གཅོད་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-08-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས26ཉིན་ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་སྟེང་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནས་ཚུལ་སྐོར་གྱི་ཟླ་གཅིག་གི་བརྡ་ཁྱབ་གཞི་གྲངས་ཁྱབ་བསྒྲགས་བྱས། བརྡ་ཁྱབ་ལས་མངོན་པ་ལྟར་ན། 2021ལོའི་ཟླ7པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན8152ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི11685(ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ3དང་། ས་ཁུལ་དང་ཐིང་རིམ་པའི་ལས་བྱེད་པ51། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ739ཚུད་ཡོད)ལ་སྐྱོན་བརྗོད་དང་སློབ་གསོ། རོགས་རམ། ཐག་གཅོད་བྱས་ཤིང་། མི7844ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད།

བརྡ་ཁྱབ་ལ་གཞིགས་ན། ད་ལོའི་ཟླ7པར་རྒྱལ་ཡོངས་སུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན3898ཞིབ་བཤེར་ཐག་གཅོད་བྱས་པ་དང་མི5988ལ་སྐྱོན་བརྗོད་དང་སློབ་གསོ། རོགས་རམ། ཐག་གཅོད་བཅས་བྱས། དེའི་ནང“འགན་འཁྲི་གཙང་སྒྲུབ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཞབས་འདེགས་ཞུ་བའི་ཐད་འགན་འཁྲི་མི་འཁུར་བ་དང་། ལས་དོན་མི་སྒྲུབ་པ། ལས་ཀ་གང་བྱུང་བྱེད་པ། བྱ་སྤྱོད་རྫུན་མ་སྤེལ་བ་བཅས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པའི”སྐོར་གྱི་གནད་དོན3207ཞིབ་བཤེར་ཐག་གཅོད་བྱས་ཤིང་། མི5007ལ་སྐྱོན་བརྗོད་སློབ་གསོ་དང་། རོགས་རམ། ཐག་གཅོད་བཅས་བྱས་པ་རེད།

བརྡ་ཁྱབ་ལ་གཞིགས་ན། ད་ལོའི་ཟླ7པར་རྒྱལ་ཡོངས་སུ་སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་གནད་དོན4254ཞིབ་བཤེར་ཐག་གཅོད་བྱས་པ་དང་མི5697ལ་སྐྱོན་བརྗོད་སློབ་གསོ་དང་། རོགས་རམ། ཐག་གཅོད་བཅས་བྱས། དེའི་ནང་སྒྲིག་འགལ་ངང་རྩ་ཆེའི་ཁྱད་ལྡན་ཐོན་རྫས་དང་ལག་རྟགས། འབུལ་རྟེན་སྤྲོད་ལེན་བྱས་པའི་གནད་དོན1602དང་། སྒྲིག་འགལ་ངང་ཕོགས་སྣོན་དང་ཁ་གསབ་མ་དངུལ་སྤྲད་པའམ་ཡང་ན་ཕན་བདེ་གནང་བའི་གནད་དོན800། སྒྲིག་འགལ་ངང་ཟ་འཐུང་བྱས་པའི་གནད་དོན829བཅས་ཞིབ་བཤེར་ཐག་གཅོད་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།