ནན་ཅིན་གྲོང་ཁྱེར་དུ་སྔར་བཞིན་གཞུང་ལམ་སྟེང་གི་ཞིབ་བཤེར་བྱེད་ས30སོར་འཇོག་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ནན་ཅིན་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ8པའི་ཚེས26ཉིན་ནས་བཟུང་ནན་ཅིན་གྲོང་ཁྱེར་དུ་སྔར་བཞིན“ཅང་སུའུ་སྐོར་བའི”གཞུང་ལམ་ནས་ནན་ཅིན་དང་ཁ་བྲལ་བའི་གཞུང་ལམ་དུ་ཞིབ་བཤེར་བྱེད་ས30དང་ནན་ཅིན་དུ་འཛུལ་བའི་གཞུང་ལམ་དུ་ཞིབ་བཤེར་བྱེད་ས39སོར་འཇོག་བྱས་ཏེ། མཐོ་རིམ་དང་འབྲིང་རིམ་ཉེན་ཁའི་ས་གནས་ནས་ནན་ཅིན་དུ་ཡོང་བ་དང་ཅང་སུའུ་ནས་ཕྱིར་འགྲོ་བའི་རླངས་འཁོར་དང་རླངས་འཁོར་ཁ་ལོ་བ། འགྲུལ་བ་བཅས་ལ་ཞིབ་བཤེར་དོ་དམ་བྱ་རྒྱུ་རེད། དེ་དང་དུས་མཚུངས་སུ་ནན་ཅིན་གྲོང་ཁྱེར་ཡོངས་སུ་སྔར་བཞིན་མྱུར་བགྲོད་གཞུང་ལམ་གྱི་འཛུལ་སྒོ་དང་ཐོན་སྒོ14ལ་འགྲིམ་འགྲུལ་ཚོད་འཛིན་དོ་དམ་བྱ་རྒྱུ་དང་། ཆུ་ལམ་གྱི་ཞིབ་བཤེར་བྱེད་ས7ནས་གྲུ་ཁར་ཞིབ་བཤེར་དང་རྒྱལ་མཚམས་བརྒལ་བར་ཚོད་འཛིན་དོ་དམ། གྲུ་ཁར་ཚོད་འཛིན་དོ་དམ་བཅས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།