ཀྲུང་གོ་བོད་ཀྱི་དྲ་བ།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིསAPPམཉེན་ཆས་སྐོར་ཞིག་མཉེན་ཆས་ཁྲོམ་ར་ནས་དོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས25ཉིན་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིསAPPསྐོར་ཞིག་གིས་ཁྲིམས་འགལ་གྱིས་སྤྱོད་མིའི་ཐོབ་དཔང་ལེན་པ་དང་དགོས་མེད་ཀྱི་བརྡ་འཕྲིན་འཆར་བར་བྱས་ཏེ་སྤྱོད་མཁན་རྣམས་ལ་སུན་པོ་བཟོ་བ་སོགས་ཀྱི་གནད་དོན་ལ་ཕྱིར་ལྟ་བྱེད་པའི་གོ་རིམ་ཁྲོད། སྔར་བཞིན་གནད་དོན་ཡོད་པའིAPPསྐོར་ཞིག་ལ་ཡོངས་བསྒྲགས་ཐེར་འདོན་བྱས། མིག་སྔའི་བར་ཆིན་ཐིནFMདང་རླངས་འཁོར་གླེང་གནད་སོགསAPPམཉེན་ཆས67ལྷག་གིས་དུས་ལྟར་དག་ཐེར་ཡོ་བསྲང་བྱས་མེད་པས་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་སོགས་ཀྱི་འབྲེལ་ཡོད་བླང་བྱ་ལྟར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིསAPPདེ་དག་མཉེན་ཆས་ཁྲོམ་ར་ནས་དོར་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།