ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་བདེ་ལས་ཁུངས་ཀྱིས་གར་སོང་མ་ཤེས་པ་དང་བསླུ་འཚོང་བྱས་པའི་བྱིས་པ3000ལྷག་རྙེད་པ་དང་གློག་འཕྲིན་མགོ་སྐོར་གྱི་གྱོད་གཞི་ཁྲི18.5རྩད་ཆོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གར་སོང་མ་ཤེས་པ་དང་བསླུ་འཚོང་བྱས་པའི་བྱིས་པ3000ལྷག་རྙེད་པ་དང་། གློག་འཕྲིན་མགོ་སྐོར་གྱོད་གཞི་ཁྲི18.5རྩད་ཆོད་པ། མང་ཚོགས་ལ་ཡུལ་གཞན་དུ་སྡོད་དམངས་ཐོབ་ཐང་འཛིན་ཡིག་ཁྲི900ལྷག་སྒྲུབ་པ་སོགས་ནི། གསར་འགོད་པས་ཚེས25ཉིན་སྤྱི་བདེ་པུའུ་ནས་རྒྱུས་ལོན་པ་ཡིན་ལ། ད་ལོའི་ཚུན་ནས་བཟུང་། སྤྱི་བདེ་པུའུ་ཡིས་གཙོ་གནད་ལས་འགན་མིང་ཐོ་སྣ62ཞིབ་འཇུག་གསར་བཟོ་བྱས་ཏེ། ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་ལག་ལེན་བྱ་འགུལ་གཏིང་ཟབ་སྒོས་སྤེལ་བ་དང་། ཤུགས་ཆེན་པོས་མང་ཚོགས་ཀྱིས“དོ་ཁུར་དང་རེ་སྙེག དཀའ་ངལ། མྱུར་སྒྲུབ”ཀྱི་གནད་དོན་ཐག་གཅོད་བྱས།

འཕེལ་རྒྱས་ཀྱི་དུས་མཚམས་གསར་བར་འཕྲོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་ཆེད། སྤྱི་བདེ་ལས་ཁུངས་ཀྱིས་མུ་མཐུད་དུ་རྡུང་རྡེག་དང་ཞབས་ཞུ་ཟུང་དུ་སྦྲེལ་ཏེ། ཤུགས་ཆེན་པོས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་དང་འགན་སྲུང་བྱས། འབྲི་ཆུའི་སྲུང་སྐྱོང་ཆེན་མོའི་བླང་བྱ་དངོས་འབེབས་གཏིང་ཟབ་བྱས་ཏེ། འབྲི་ཆུའི་བཞུར་རྒྱུད་ཀྱི་ཁྲིམས་འགལ་འཛིན་རྙབ་དང་ཁྲིམས་འགལ་བྱེ་བརྐོ་ལ་རྡུང་རྡེག་བྱེད་པའི་ཆེད་དོན་བྱ་འགུལ་སྤེལ་བ་དང་། ཟླ7པའི་ཟླ་མཇུག་བར་དུ་འབྲེལ་ཡོད་ཀྱི་ཉེས་དོན་གྱོད་གཞི8400ལྷག་རྩད་ཆོད།

སྤྱི་བའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི“གཙོ་གནད་དོན་ཆུང”ལ་དམིགས་ནས་སྤྱི་བདེ་ལས་ཁུངས་ཀྱིས་མི་དངམས་དང་ཁེ་ལས་ལ་ཕན་པའི་བྱེད་ཐབས་སྣ30བཏོན་ཡོད། དེའི་ནང་མང་ཚོགས་ཀྱིས་སྡོད་དམངས་ཐོབ་ཐང་འཛིན་ཡིག་སྒྲུབ་པར་སྟབས་བདེ་བཟོ་ཆེད་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་དམངས་ཐོབ་ཐང་འཛིན་ཡིག་ས་གཞན་ནས་སྒྲུབ་པ་དང་ཞིང་ཆེན་བརྒལ་ནས་སྒྲུབ་ཆོག་པ་སོགས་ཀྱི་ལམ་ལུགས་བཏོན་པ་དང་། ད་རུང་བགྲེས་སོང་དང་རྒྱུགས་སྤྲོད་སློབ་མ་སོགས་དམིགས་བསལ་ཁྱུ་ཚོགས་ལ“ལྗང་མདོག་བགྲོད་ལམ”བཙུགས་ལ། མཐའ་མཚམས་ས་ཁུལ་དང་འགྲོ་འདུག་སྟབས་བདེ་མིན་པའི་བགྲེས་སོང་དང་། དབང་བོ་སྐྱོན་ཅན་མི་སྣར་ཁྱིམ་དུ་སོང་ནས་ཞབས་ཞུ་མཁོ་སྤྲོད་བྱས། ད་ལོའི་ཚུན་ནས་བཟུང་། བསྡོམས་པས་མང་ཚོགས་ལ་ཡུལ་གཞན་དུ་སྡོད་དམངས་ཐོབ་ཐང་འཛིག་ཡིག་ཁྲི900ལྷག་སྒྲུབ་ཡོད།

མང་ཚོགས་ཀྱིས་ཆེས་དོ་སྣང་བྱེད་པའི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ནག་ཉེས་ལ་དམིགས་ནས་སྤྱི་བདེ་ལས་ཁུངས་ཀྱིས་བྱེད་ཐབས་གསར་སྐྲུན་དང་མུ་མཐུད་དུ་རྡུང་རྡེག་ནན་མོ་བཏང་ཞིང་ཕན་འབྲས་ལེགས་པོ་བླངས། ད་ལོའི་ཟླ1པོ་ནས་ཟླ7པའི་བར་དུ་བསྡོམས་པས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་གྱོད་གཞི་ཁྲི18.5རྩད་ཆོད་པ་དང་། དོགས་ཡོད་ཉེས་ཅན་མི་ཁྲི24.7འཛིན་བཟུང་བྱས། ཟླ6པ་ནས་ཟླ7པར། རྒྱལ་ཡོངས་སུ་གློག་འཕྲིན་མགོ་སྐོར་གྱོད་གཞི་བྱུང་ཐེངས་བསྟུད་མར་ཟླ2རིང་དུས་མཉམ་ལས་མར་ཆག་པ་དང་། གློག་འཕྲིན་མགོ་སྐོར་ནག་ཉེས་མུ་མཐུད་དུ་ཇེ་མང་ལ་འགྲོ་བའི་རྣམ་པར་ཐོག་མའི་འགོག་བཅོས་ཐོབ།

མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་པའི་ཟས་རིགས་སྨན་རྫས་བདེ་འཇགས་དང་སྐྱེ་ཁམས་ཁོར་ཡུག་བདེ་འཇགས། ཤེས་བྱའི་ཐོན་དབང་སྲུང་སྐྱོང་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ལ་དམིགས་ནས། སྤྱི་བདེ་ལས་ཁུངས་ཀྱིས“ཁུ་ནུ2021ལོའི”ཆེད་དོན་འགུལ་སྐྱོད་གཏིང་ཟབ་ངང་སྤེལ། ད་ལོའི་ཟླ6པའི་ཟླ་མཇུག་བར་དུ། ཆེད་དོན་འགུལ་སྐྱོད་ཀྱིས་བསྡོམས་པས་ཟས་རིགས་སྨན་རྫས་ཐོན་སྐྱེད་ལ་གཏོར་བརླག་དང་ཤེས་བྱའི་ཐོན་དབང་གི་ནག་ཉེས་གྱོད་གཞི་ཁྲི2ལྷག་རྩད་ཆོད་ལ། དོགས་ཡོད་ཉེས་ཅན་མི་ཁྲི3.6འཛིན་བཟུང་བྱས།

སྤྱི་ཚོགས་ཀྱིས་ཚད་མཐོན་པོས་དོ་སྣང་བྱེད་པའི་བགྲེས་སོང་དང་ལོ་ན་མ་སོན་པའི་མིའི་བདེ་ཐང་བདེ་འཇགས་གནད་དོན་ལ་དམིགས་ཏེ། སྤྱི་བདེ་ལས་ཁུངས་ཀྱིས་རྒན་གསོའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཁྲིམས་འགལ་མ་དངུལ་གྲབས་གསོག་གི་ནག་ཉེས་ལ་རྡུང་རྡེག་བྱེད་ཤུགས་ཇེ་ཆེར་བཏང་སྟེ། མི་དར་མ་དང་བགྲེས་སོང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་གང་ལེགས་བྱས། མུ་མཐུད་དུ“ལྷན་འཛོམས”འགུལ་སྐྱོད་གཏིང་ཟབ་སྒོས་སྤེལ་ཏེ། བསྡོམས་པས་སྔོན་ཆད་གར་སོང་མ་ཤེས་པ་དང་བསླུ་འཚོང་བྱས་པའི་བྱིས་པ3000ལྷག་རྙེད་པ་དང་། དེའི་ནང་དུས་ཡུན་ཆེས་རིང་བོར་བོར་བ་ནི་ལོ61ལྷག་འགོར་ཡོད། ལོ་ན་མ་སོན་པའི་མིའི་ཁྲིམས་འགལ་ནག་ཉེས་ལ་སྔོན་འགོག་བྱས་ཏེ། ལོ་ན་མ་སོན་པའི་མིའི་ཁྲིམས་འགལ་མི་ཐེངས2016ལོ་དང་བསྡུར་ན26.2%ཆག་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།