ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སའེ་ཧན་པཱའི་སྙིང་སྟོབས་དར་སྤེལ་བཏང་ནས་བགྲོད་ལམ་གསར་པའི་ཐོག་བྱས་རྗེས་འཇོག་དགོས་ཞེས་བསྟན།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས23ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སའེ་ཧན་པཱ་ཅི་ཞེ་ནགས་རའི་ཧྲེང་ཧེ་དྲན་གསོའི་ནགས་ཁྲོད་དུ་ཕེབས། དྲན་གསོའི་ནགས་དེ་སྔར་གྱི་རྟ་རྗེས་གཞོང་ནགས་འཛུགས་མཉམ་འཐབ་ཁུལ་དུ་ཡོད་ལ། དེ་ནི་སའེ་ཧན་པཱའི་སྙིང་སྟོབས་ཀྱི་འབྱུང་ཁུངས་དང་། མུའུ་ཁྲི་བརྒྱའི་ནགས་ཆེན་གྱི་མགོ་ཁུངས་ཡིན། ཞི་ཅིན་ཕིང་གིས་ནགས་རའི་ལས་བྱེད་པ་དང་བྱམས་བརྩེའི་གླེང་མོལ་གནང་བ་དང་། ཁོང་གིས་ནན་གྱིས་བསྟན་དོན། ཁྱོད་ཚོས་སྒྲུབ་པའི་ལས་དོན་ལ་མིག་དཔེའི་དོན་སྙིང་ལྡན་ཏེ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་ལྕག་གི་བྱེད་ནུས་ལྡན་ཞིང་ཤུགས་རྐྱེན་གཏིང་ཟབ་ཐེབས་ཐུབ། སའེ་ཧན་པཱའི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་སྙིང་སྟོབས་འདི་རིགས་དར་སྤེལ་བཏང་ནས། ལྗང་མདོག་དཔལ་འབྱོར་དང་སྐྱེ་ཁམས་དཔལ་ཡོན་འཕེལ་རྒྱས་ལེགས་པོར་གཏོང་དགོས། སའེ་ཧན་པཱ་ཡིས་སྔར་ལས་ལྷག་པར་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ལ་གོ་བ་གཏིང་ཟབ་བླངས་ཏེ། ཡང་འབད་བསྐྱར་འབད་དང་ཡང་བསྐྱར་ལས་གཏོད་བྱས་ནས། བགྲོད་ལམ་གསར་བའི་ཐོག་བྱས་རྗེས་འཇོག་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།