ལི་ཁེ་ཆང་གིས་མ་ལེ་ཞི་ཡའི་གསར་དུ་བསྐོ་གཞག་བྱས་པའི་ཙུང་ལི་དབྱི་སི་མེར·ཧྲ་པི་ལིར་རྟེན་འབྲེལ་ཞུ་བའིགློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8པའི་ཚེས23ཉིན། རྒྱལ་སྲིལ་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དབྱི་སི་མེར·ཧྲ་པི་ལིར་གློག་འཕྲིན་བཏང་ནས་ཁོ་རང་མ་ལེ་ཞི་ཡའི་ཙུང་ལི་ལ་བསྐོ་གཞག་བྱས་པར་རྟེན་འབྲེལ་ཞུས།

ལི་ཁེ་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་།  ཀྲུང་གོ་དང་མ་ལེ་ཞི་ཡ་ནི་མཚོ་ཁ་གཡས་གཡོན་ནས་ཕར་ཚུར་ལྟ་བའི་སྲོལ་རྒྱུན་གྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཡིན།  ཕྱོགས་གཉིས་བར་གྱི་འབྲེལ་བ་ཡུན་རིང་ལ་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་བསྐྲུན་པ་དང་ས་ཁུལ་གྱི་བརྟན་ལྷིང་དང་འཕེལ་རྒྱས་ཐད་ལ་ཧུར་ཐག་གིས་བྱས་རྗེས་བཞག་ཡོད། ངས་ཙུང་ལི་དབྱི་སི་མེར·ཧྲ་པི་ལི་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་རིམས་ནད་འགོག་རྒོལ་དང་འཕེལ་རྒྱས་མཉམ་ལས་སྔར་བས་ཇེ་ཟབ་ཏུ་བཏང་ནས།  ཁྱབ་ཁོངས་གཙོ་བོའི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་སྐུལ་འདེད་དང་།  ཀྲུང་གོ་དང་མ་ལེ་ཞི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་རྒྱུན་ཆད་མེད་པར་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།