རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གསར་དུ་བཟོ་བཅོས་བྱས་པའི་དམག་ཞབས་བཅའ་ཁྲིམས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8པའི་ཚེས20ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་བའི་སྟེང་གསར་དུ་བཟོ་བཅོས་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་ཞབས་བཅའ་ཁྲིམས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་ཨང་གོ་ལྔ་བར་མིང་བཀོད་དེ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་བའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

གསར་དུ་བཟོ་བཅོས་བྱས་པའི་དམག་ཞབས་བཅའ་ཁྲིམས་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་གི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། དུས་རབས་གསར་བའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཕན་ཚུན་མཐུན་སྦྱོར་བྱས་པ་དང་རྒྱལ་སྲུང་དང་དམག་དོན་འཛུགས་སྐྲུན་དང་མཐུན་ཐབས་ཡོང་བར་བྱས་ལ། རྒྱལ་སྲུང་དགོས་མཁོར་ཞབས་ཞུ་སྒྲུབ་པ་དང་དམག་འཐབ་གྲ་སྒྲིག་གཅིག་སྡུད་བྱེད་པ། དམག་སྐུལ་དང་ལེན་གཟི་བརྗིད་ཡིན་པ་མངོན་པར་བྱེད་པ། ཁེ་དབང་མཚོན་པ་དང་འོས་འགན་གཅིག་གྱུར་གྱི་རྩ་དོན་བསྲུང་བྱ་བྱས་པ་དང་། དམག་ཞུགས་འདྲེན་ཤུགས་ཇེ་ཆེར་གཏོང་བ་དང་དམག་དཔུང་ལ་སྐུལ་མ་གཏོང་བ། དམག་ཁོངས་ནས་ཕྱིར་ལོག་པ་འགན་སྲུང་བྱེད་པ་གཅིག་སྡུད་བྱས་ནས། དམག་ཞབས་སྲིད་ཇུས་དང་ལམ་ལུགས་ལ་གསར་སྐྲུན་ཇུས་འགོད་དང་ལེགས་སྒྲིག་འཐུས་ཚང་དུ་བཏང་།

གསར་དུ་བཟོ་བཅོས་བྱས་པའི་དམག་ཞབས་བཅའ་ཁྲིམས་ལ་བསྡོམས་པས་ལེའུ་བཅུ་གཅིག་དང་དོན་ཚན་རེ་ལྔ་ཡོད། གསར་དུ་བཟོ་བཅོས་བྱས་པའི་དམག་ཞབས་བཅའ་ཁྲིམས་ལ་ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་དུས་རབས་ཀྱི་ཁྱད་ཆོས་མཚོན་པར་བྱས་ཡོད་པ་དང་། སྟོབས་ལྡན་དམག་དཔུང་གི་དགོས་མཁོ་དང་མཐུན་པར་མ་ཟད། རྒྱལ་ཁབ་ཀྱི་དམག་ཞབས་བྱ་བ་ཚད་ལྡན་དང་ཤུགས་སྣོན་ཞིང་སྤྱི་དམངས་ཀྱིས་ཁྲིམས་ལྟར་དམག་སྐུལ་དང་ལེན་ཁག་ཐེག་བྱེད་པ་དང་། དམག་དཔུང་དམག་མི་ཁ་གསབ་དང་གསོག་འཇོག་བྱེད་པ་འགན་སྲུང་བྱེད་པ། སྲ་བརྟན་རྒྱལ་སྲུང་དང་སྟོབས་ལྡན་དམག་དཔུང་འཛུགས་སྐྲུན་བྱེད་པར་ནུས་པ་གལ་ཆེན་འདོན་ངེས་ཡིན། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།