ཀྲུང་གོ་བོད་ཀྱི་དྲ་བ།

​ཡིག་རྒྱུགས་སྐོར་ཞིག་ཕྱི་འགྱངས་བྱས་ཡོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་ཀྱི་ཤུགས་རྐྱེན་འོག ཟླ8པའི་ཟླ་སྨད་དང་ཟླ9པའི་ཟླ་མགོར་བཀོད་སྒྲིག་བྱས་ཡོད་པའི་ཡིག་རྒྱུགས་སྐོར་ཞིག་ཕྱི་འགྱངས་བྱས་ཡོད་པ་དང་། ཁྲིམས་འཛིན་པུའུ་ནས་འབྱོར་བའི་གནས་ཚུལ་ལྟར་ན་དེ་སྔའི2021ལོའི་ཟླ9པའི་ཚེས11ཉིན་དང་ཚེས12ཉིན་བཀོད་སྒྲིག་བྱས་ཡོད་པའི་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་རྒྱུགས་གཞིའི་རྒྱུགས་ལན་གཏན་འཁེལ་གྱི་ཡིག་རྒྱུགས2021ལོའི་དུས་ཚིགས་བཞི་པར་ཕྱི་འགྱངས་བྱས་པ་དང་། 2021ལོའི་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་རྒྱུགས་གཞིའི་རྒྱུགས་ལན་གཏན་འཁེལ་མིན་པའི་ཡིག་རྒྱུགས་ཕྱི་འགྱངས་བྱས་པ་དང་ཞིབ་ཕྲའི་བཀོད་སྒྲིག་རྗེས་མར་བརྡ་ཐོ་གཏང་རྒྱུ་རེད། 

ཟླ8པའི་ཚེས12ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་སྨན་པའི་ཐོབ་ཐང་རྒྱུགས་ལེན་ཨུ་ལྷན་གྱིས་སྔོན་བརྡ་བཏང་བ་ལྟར། པྲོག་གསར་གློ་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྨན་པའི་ཐོབ་ཐང་རྒྱུགས་ལེན་ལས་དོན་གཅིག་གྱུར་ངང་བསྒྲུབས་ཏེ།  མི་དམངས་མང་ཚོགས་ཀྱི་བདེ་ཐང་ཁེ་དབང་འགན་ལེན་དང་རྒྱུགས་སྤྲོད་སློབ་མ་དང་རྒྱུགས་སྤྲོད་ལས་དོན་མི་སྣའི་བདེ་འཇགས་དང་ཡིག་རྒྱུགས་བདེ་འཇགས་བཅས་ལ་འགན་སྲུང་བྱ་ཆེད། དེ་སྔའི་གཏན་འཁེལ་བྱས་པའི2021ལོའི་ཟླ8པའི་ཚེས20ཉིན་ནས་ཚེས22ཉིན་བར་རྒྱལ་ཡོངས་ཀྱི་སྨན་པའི་ཐོབ་ཐང་རྒྱུགས་ལེན་གྱི་ཕྱོགས་བསྡུས་ཡིག་རྒྱུགས་དུས་ཚོད་ཕྱི་འགྱངས་བྱ་རྒྱུ་དང་ཞིབ་ཕྲའི་བཀོད་སྒྲིག་རྗེས་མར་བརྡ་ཐོ་གཏང་རྒྱུ་རེད།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།