ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཞོད་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཧྲན་ཞི་རུ་ལས་དོན་ཚོ་ཆུང་མངགས་ནས་ཞོད་འགོག་གནོད་སྐྱོབ་ལས་དོན་སྤེལ་བར་གཞོགས་འདེགས་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2021-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས22ཉིན། རྒྱལ་ཁབ་ཞོད་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཞོད་འགོག་ཐན་འགོག་རིམ་པཔའི་འཕྲལ་སྡོམ་དང་ལེན་རྒྱུན་འཁྱོངས་བྱས་ཏེ། དེ་སྔོན་ལས་དོན་ཚོ་ཆུང2ཧོ་ནན་དང་ཧྲན་ཏུང་དུ་མངགས་པའི་རྨང་གཞིའི་ཐོག ལས་དོན་ཚོ་ཆུང1ཧྲའན་ཞི་ཞིང་ཆེན་དུ་མངགས་ནས། ཧན་ཅང་གཙང་པོའི་སྟོད་རྒྱུད་ཀྱི་ཆུ་ལོག་དང་དྲག་ཆར་སྔོན་འགོག་གི་ལས་དོན་སྤེལ་བར་རོགས་འདེགས་བྱས་པ་རེད།

ཟླ8པའི་ཚེས22ཉིན་གྱི་ཆུ་ཚོད15བར། ཐེངས་འདིའི་རྒྱལ་ཁབ་ཞོད་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་ཞོད་འགོག་རིམ་པཔའི་འཕྲལ་སྡོམ་དང་ལེན་བྱེད་མགོ་ཚུགས་རྗེས། རྒྱལ་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཉེན་ཟོན་གནས་ཚུལ་ཁྱོན197དང་ལེན་བྱས་པ་དང་། རིམ་རྩིས་བྱས་ན་མེ་ཟོན་རླངས་འཁོར241དང་། གྲུ་གཟིངས25། བཀོད་འཐབ་པ་1375བཅས་མངགསནས། ཁྱོན་ཉེན་གྱར་མི་སྣ152བསྐྱབས་པ་དང་། མང་ཚོགས650གནས་སྤོ་བྱས་པ་རེད།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།