ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཡུན་ནན་ཞིང་ཆེན་ཚང་ཡོན་རྫོང་མཐའ་མཚམས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་རྣམས་ལ་འཕྲིན་ལན་བསྐུར།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2021-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་དྲ་བའི་གློག་འཕྲིན་ལྟར་ན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན། ཡུན་ནན་ཞིང་ཆེན་ཚང་ཡོན་ཝ་རིགས་རང་སྐྱོང་རྫོང་མཐའ་མཚམས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་རྣམ་སལ་འཕྲིན་ལན་བསྐུར་ཏེ། ཀྲི་པུའུ་ཧྲུའུ་ཅི་རྒན་པ་རྣམས་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་མིག་དཔེ་བཟང་བོ་བསྟན་ནས། སྡེ་མི་རྣམས་ལ་མཛེས་པའི་ཁྱིམ་གཞིས་བསྐྲུན་པར་སྣེ་འདོམས་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་གང་ལེགས་བྱས་མཐར། རྒྱལ་ཁོངས་བརྟན་སྲུང་བྱེད་དགོས་པའི་སྐུལ་མ་གནང་།

ཞི་ཅིན་ཕིང་གིས་འཕྲིན་ལན་ཁྲོད་གསུངས་རྒྱུར། ཁྱོད་ཚོའི་འཕྲིན་ཡིག་བཀླགས་པ་བརྒྱུད། གཞི་ནས་དདབུལ་ཐར་མཁྲེགས་གཏོར་གྱིས་ཁྱོད་ཚོའི་ས་གནས་དེར་འགྱུར་ལྡོག་ཆེན་པོ་བཟོས་ཡོད་པ་ཤེས་ལ། ཨ་ཝ་མི་དམངས་ཀྱི་སེམས་པ་ཏང་དང་རྒྱལ་ཁབ་ལ་ཕྱོགས་པའི་བརྩེ་བ་ཟབ་མོའང་ཚོར་ཐུབ་པས། ང་ལ་དགའ་ཚོར་དང་བློ་བདེ་ཆེན་པོ་བྱིན།

ཞི་ཅིན་ཕིང་གིས་བསྟན་དོན། ཁྱོད་ཚོ་ཚང་མ་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཡིན་ལ། དུས་ཡུན་རིང་བོར་མཐའ་མཚམས་ས་ཁུལ་ནས་འཚོ་བ་རོལ་བ་དང་ལས་དོན་གཉེར་བར་བརྟེན། མཐའ་མཚམས་ཀྱི་མི་དམངས་ཕྱུག་པོ་ཆགས་ན་གཞི་ནས་མཐའ་མཚམས་བརྟན་འཇགས་ཡོང་ཐུབ་པའི་དོན་སྙིང་ཤེས་ངེས་ཡིན། དབུལ་ཐར་མཁྲེགས་གཏོར་ནི་བདེ་སྐྱིད་འཚོ་བར་ཕྱོགས་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་ལ། ང་ཚོས་མུ་མཐུད་དུ་གྲོང་གསེབ་དར་སྤེལ་དང་མཐའ་མཚམས་ཀྱི་མི་དམངས་ལ་འབྱོར་ཕྱུག་བསྐྲུན་པའི་ལས་དོན་དམ་པོར་བཟུང་ནས། རིགས་སོ་སོའི་མང་ཚོགས་ཚང་མ་ཐུང་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། མཐའ་མཚམས་དར་རྒྱས་བརྟན་འཇགས་ལ་སྐུལ་འདེད་གཏོང་དགོས། རེ་བ་ཡིན་ན་ཁྱོད་ཚོས་མུ་མཐུད་དུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་དང་ཡུལ་མི་རྣམས་ཀྱིས་དུས་ནམ་ཡང་ཏང་གི་གསུང་ལ་ཉན་པ་དང་ཏང་གི་ཞབས་རྗེས་འབྲང་བར་སྣེ་འདོམས་གང་ལེགས་བྱས་ཏེ། མཛེས་པའི་ཁྱིམ་གཞིས་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ། རྒྱལ་ཁོངས་བརྟན་སྲུང་བཅས་ལ་འབད་མཐར། དུས་རབས་གསར་པའི་ཨ་ཝ་མི་དམངས་ཀྱི་བདེ་སྐྱིད་གླུ་གཞས་ངག་ནས་མཐོན་པོར་གྱེར་དགོས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།