ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་སྤྱི་སྡོམ་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཟླ8པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས16པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི《ཏང་གི་ལོ་རྒྱུས་ཀྱི་ཉམས་མྱོང་སྤྱི་སྡོམ་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས》ཞེས་པའི་རྩོམ་ཡིག་གལ་ཆེན་བཀོད།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཏང་གི་ཆབ་སྲིད་འཛུགས་སྐྲུན་ནི་རྟག་བརྟན་གྱི་དཔྱད་གཞི་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་དར་ཆ་གསལ་བསྒྲེངས་སྒོས་ཏང་གི་ཆབ་སྲིད་འཛུགས་སྐྲུན་གོ་གནས་ཨང་དང་པོར་བཞག་པར་མ་ཟད། ཏང་གི་ཆབ་སྲིད་འཛུགས་སྐྲུན་སྤྱི་ཁྱབ་བཀོད་འདོམས་པ་ལྟ་བུ་ཞིག་ཏུ་བརྩི་དགོས་པ་ནན་གྱིས་བསྟན། ཆབ་སྲིད་སྟེང་ནས་ཏང་འཛུགས་སྐྲུན་བྱེད་པ་ནི་རང་རེའི་ཏང་རྒྱུན་ཆད་མེད་པར་སྟོབས་ལྡན་དུ་བཏང་བ་ཡིན་ལ། རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་ཁག་ཐེག་གལ་ཆེན་ཡང་ཡིན། ལོ་རྒྱུས་ཀྱི་ཉམས་མྱོང་ལས་གསལ་པོར་ཤེས་པ་ལྟར། རང་རེའི་ཏང་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་དར་ཆ་གསལ་བསྒྲེངས་སྒོས་ཆབ་སྲིད་ལ་དོ་སྣང་བྱེད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་ཏན་གྱིས་སྤེལ་དགོས། ཆབ་སྲིད་ལ་དོ་སྣང་བྱེད་པ་ནི་རང་རེའི་ཏང་གི་འཚོ་བཅུད་གསོས་ནས་སྟོབས་ལྡན་དུ་གཏོང་བ་དང་བདེ་ཐང་སྟོབས་ལྡན་དུ་གཏོང་བའི་རྩ་བའི་ཁག་ཐེག་ཡིན། རང་རེའི་ཏང་གིས་རང་ཉིད་གསར་བརྗེ་བྱེད་པའི་སྤོབས་པ་སྐྱེད་སྲིང་བྱེད་པ་དང་རང་ཉིད་གཙང་བསྒྱུར་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ། དུག་སེལ་སྲིན་འཇོམས་ཀྱི་ཆབ་སྲིད་ཀྱི་རིམས་འགོག་ནུས་པ་ཇེ་མཐོར་གཏོང་བ་བཅས་ཀྱི་རྩ་བའི་ཐབས་ལམ་ཡིན།

རྩོམ་ཡིག་ལས་བསྟན་དོན། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱི་ལས་འགན་ཨང་དང་པོ་ནི་ཏང་ཡོངས་ཀྱིས་ཀྲུང་དབྱང་གི་གསུང་ལ་ཉན་པར་ཁག་ཐེག་བྱས་ཏེ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ལས། ཟ་ཟིར་དང་གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པའི་ཁར་ངེས་པར་རྒྱུན་འཛིན་ལྷོད་མེད་བྱེད་དགོས། ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་ཁྲོད་ཀྱི་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་ལོ་རྒྱུས་ཀྱི་ཉམས་མྱོང་བླངས་ནས།བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་དང་གྲལ་མཉམ་དུ་འཇོག་པ་དང་། དངོས་གནས“འདུ་ཤེས་བཞི”ཇེ་དྲག་དང་།“རང་རྟོན་བཞི”ཇེ་བརྟན།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱས་ཏེ། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་གསུམ་གྱི་སྟེང་ནས་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱས་ནས། ཏང་ཡོངས་ཀྱིས་གོང་འོག་ཚང་མ་ཐག་པ་གཅིག་ལྟར་བསྒྲིམས་ནས་བསམ་པ་གཅིག་ཏུ་ཕྱོགས་པ་དང་།ཤེད་ཤུགས་ཕྱོགས་གཅིག་ཏུ་འདོན་དགོས།

རྩོམ་ཡིག་ལས་བསྟན་དོན། ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་བྱེད་པ་གཙིགས་སུ་འཛིན་དགོས། ཆབ་སྲིད་ཀྱི་བསམ་བློ་བརྟན་པོར་ཆགས་སུ་འཇུག་པ་དང་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པས་ཁོང་དུ་ཆུད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བློ་རྩ་བརྟན་ཞིང་བརྟན་བརླིང་ཡིན་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་ནན་སྲུང་བྱེད་པ། ཆབ་སྲིད་ཀྱི་གོམས་སྦྱོང་བརྡར་གསུམ་ལ་ཤུགས་སྣོན་བྱེད་པ། ཆབ་སྲིད་ཀྱི་ཉམས་མྱོང་གསོག་པ་བཅས་ཀྱིས་ཆབ་སྲིད་ལ་དོ་སྣང་བྱེད་པ་དེ་རང་རྟོགས་ཀྱིས་ཏང་གཤིས་སྦྱོང་བརྡར་གྱི་གོ་རིམ་ཧྲིལ་པོར་བརྒྱུས་དགོས། ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་གཏོང་ན་ཐོག་མར་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་ནས།ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས། གནད་དོན་འདིའི་སྟེང་དུ་ཟ་ཟིར་དང་གཡོ་འགུལ་ཅུང་ཙམ་ཡང་སྐྱེ་མི་རུང་། ཐེངས་འདིའི་པྲོག་གསར་གློ་ཚད་རིམས་ནད་ལ་དམག་འཐབ་རྒྱག་པའི་ཁྲོད་དུ་ལག་ལེན་གྱིས་ཡང་བསྐྱར་བདེན་དཔང་བྱས་པ་ནི། ཀྲུང་གོ་གུང་ཁྲན་ཏང་ནི་རླུང་འཚུབ་དང་དྲག་ཆར་གྱིས་རྒོལ་བའི་སྐབས་སུ་ཀྲུང་གོ་མི་དམངས་ཀྱི་ཆེས་བློས་ཐུབ་ཀྱི་རྟེན་ས་ཡིན་ལ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ནི་ཉེན་ཁ་གཡོལ་ཞིང་འགྲན་སློང་ལས་རྒྱལ་བྱེད་ཀྱི་ཆེས་སྟོབས་ཤུགས་ལྡན་པའི་ལམ་ལུགས་ཀྱི་འགན་སྲུང་དེ་རེད། ཆབ་སྲིད་སྟེང་གི་རང་འགུལ་ནི་ཆེས་ཕན་ལྡན་གྱི་རང་འགུལ་ཡིན་ལ། ཆབ་སྲིད་སྟེང་གི་གཞན་དབང་ནི་ཆེས་ཉེན་ཁ་ཆེ་བའི་གཞན་དབང་ཡིན། ཆབ་སྲིད་ཀྱི་འདུ་ཤེས་ངེས་པར་དུ་ཇེ་དྲག་ཏུ་གཏོང་དགོས། ཆབ་སྲིད་སྟེང་ནས་གནད་དོན་ལ་བསམ་གཞིགས་གཏོང་བར་མཁས་པ་དང་།ཆབ་སྲིད་ཀྱི་སྤྱི་ཡོངས་ཁོང་དུ་ཆུད་པར་མཁས་ནས་ཆབ་སྲིད་ལ་དོ་སྣང་བྱེད་པའི་བླང་བྱ་དེ་ཕྱི་རོལ་གྱི་བླང་བྱ་ནས་ནང་གནས་ཀྱི་རང་འགུལ་དུ་བསྒྱུར་ཏེ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས།

རྩོམ་ཡིག་ལས་བསྟན་དོན། ཆབ་སྲིད་ལ་དོ་སྣང་བྱེད་པ་ནི་བྱེ་བྲག་ཡིན་ལ། “སྲུང་སྐྱོང་གཉིས”ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་བློ་ཐག་རྦད་ཆོད་ཀྱིས་དོན་འཁྱོལ་བྱེད་པའི་འགུལ་སྐྱོད་སྟེང་ནས་མཚོན་དུ་འཇུག་པ་དང་། རང་གི་བྱ་བར་ཧུར་བརྩོན་བྱེད་པ་དང་ལེགས་པོར་སྒྲུབ་པའི་ཕན་འབྲས་སྟེང་ནས་མཚོན་དུ་འཇུག་པ། ཏང་ཡོན་དང་ལས་བྱེད་པའི་རྒྱུན་ལྡན་གྱི་གཏམ་སྤྱོད་སྟེང་ནས་མཚོན་དུ་འཇུག་དགོས། གསར་བརྗེ་རྒྱུན་འཛིན་བྱེད་པའི་ཁྲོད་ནས་དད་མོས་ཀྱི་སྟོབས་ཤུགས་ཆེན་པོ་བླངས་ཏེ། རང་རྟོགས་ཀྱིས་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གྱི་འགྱུར་མེད་ཀྱི་དད་མོས་པ་དང་བློ་དཀར་གྱི་ལག་ལེན་པ་བྱས་ཏེ། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ་དང་མི་ཚེ་གང་པོར་འགྱོད་པ་མི་སྐྱེས་པའི་མར་ཁེ་སི་རིང་ལུགས་ཀྱི་འཐབ་མོ་པ་ངོ་མ་ཞིག་ཏུ་འགྱུར་བར་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།