ཀྲུང་དབྱང་འཐུས་ཚབ་ཚོགས་པས་བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་དྲན་རྟེན་དངོས་རྫས་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ལྷག་བསམ་གྱི་མཛའ་བརྩེ་མཚོན་པར་བྱ་ཆེད། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་པའི་ཀྲུང་དབྱང་གི་འཐུས་ཚབ་ཚོགས་པས་བོད་ལྗོངས་ལ་དྲན་རྟེན་དངོས་རྫས་མང་པོ་གནང་།

དྲན་རྟེན་དངོས་རྫས་འདི་དག་གིས་བོད་ལྗོངས་མང་ཚོགས་ཀྱི་དངོས་ཡོད་དགོས་མཁོར་བསམ་གཞིགས་བཏང་ཡོད་པ་མ་ཟད། མི་རིགས་ཀྱི་གོམས་སྲོལ་དང་ཡང་འཚམ་ལ། དངོས་སྤྱོད་དང་སྤུས་ཚད་ཚང་མ་ཚད་མཐུན་ཡིན། དྲན་རྟེན་དངོས་རྫས་ལ་བསྡོམས་པས་སྣ10ཡོད་པ་དང་། རྟེན་འབྲེལ་ཞུ་བྱང་དང་བཀྲ་ཤིས་གོས་དར། གཙོ་འཛིན་གྱི་སྐུ་པར། མཆོད་ཆས། གོས་འཁྲུད་འཕྲུལ་ཆས། གློག་གི་བག་ལེབ་བསྲེགས་ཆས། སྨན་བཅོས་བདེ་ཐང་ཁུག་མ་དང་གློག་རྡུལ་ཁྲག་ཤེད་འཇལ་ཆས། ཉལ་ཆས་སྣ་ཚོགས། སྒྲ་སྒམ། དཔེ་དེབ་བཅས་ཡིན།

དྲན་རྟེན་དངོས་རྫས་འདི་དག་གཙོ་བོ་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་དང་བོད་སྡོད་དམག་དཔུང་། ཁེ་ལས་ལས་དོན་ལས་ཁུངས། སྡེ་བ་དང་གཞིས་ཁུལ། དགོན་སྡེ། ནང་བསྟན་མཐུན་ཚོགས། ནང་བསྟན་སློབ་གླིང་། རོང་འབྲོག་པ་མང་ཚོགས། མཁར་གྲོང་སྡོད་དམངས། ལས་བྱེད་ལས་བཟོ་བ། བོད་སྡོད་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དམག ཆོས་ལུགས་མི་སྣ། ལས་འཁྱུར་ངལ་གསོའི་ལས་བཟོ་བ་སོགས་ལ་སྟེར་རྒྱུ་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།