ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་སྨན་པའི་དཔུང་སྡེའི་མི་གྲངས་ཁྲི408.6ལ་སླེབས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2021-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། 2020ལོའི་ལོ་མཇུག་བར་དུ། རང་རྒྱལ་དུ་བསྡོམས་པས་སྨན་པའི་མི་གྲངས་ཁྲི408.6ཡོད་ཅིང་། དེ་དག་ཁོང་ནད་ཚན་ཁག་དང་ཕྱི་ནད་ཚན་ཁག མོ་ནད་ཚན་ཁག བྱིས་ནད་ཚན་ཁག་སོགས་གསོ་རིག་ཡོངས་ཀྱི་ཆེད་ལས་གཙོ་བོར་ཁྱབ་ཡོད་དེ། མི་འབོར་སྟོང་རེ་སྨན་པའི་གྲངས་ཀ2.9རེར་སླེབས། སྨན་པའི་དཔུང་སྡེ་ཁྲོད་དངོས་གཞི་ཡན་གྱི་སློབ་གནས་ཡོད་པའི་མི་གྲངས59.5%ཟིན་པ་དང་། འབྲིང་རིམ་ཡན་གྱི་ལག་རྩལ་མིང་བཏགས་ཐོབ་པའི་མི་གྲངས་ཀྱི་བསྡུར་ཚད45.8%ཟིན། རང་རྒྱལ་གྱི་སྨན་པའི་དཔུང་སྡེའི་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཏེ། འཛམ་གླིང་སྟེང་ཆེས་ཆེ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ལག་འདེགས་སྐྱོར་བྱས་ཡོད།

རང་རྒྱལ་གྱི་མི་རེའི་ཆ་སྙོམས་ཀྱི་ཚེ་ཚད་དེ་ཀྲུང་གོ་གསར་བ་དབུ་བརྙེས་པའི་དུས་འགོའི་ལོ35.0ནས2019ལོའི་ལོ77.3བར་ཇེ་མཐོར་སོང་ཡོད། སྦྲུམ་མའི་ཤི་ཚད་དང་ཕྲུ་གུའི་ཤི་ཚད་དེ1500/ཁྲི10དང200‰ནས2020ལོའི16.9/ཁྲི10དང5.4‰བར་མར་ཆག་ཡོད། མི་དམངས་ཀྱི་བདེ་ཐང་ཆུ་ཚད་སྤྱིའི་ཆ་ནས་ཡོང་སྒོ་འབྲིང་མཐོ་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ལས་ལེགས་པ་རེད།

རང་རྒྱལ་གྱིས་སྨན་བཅོས་ཞབས་ཞུའི་རྣམ་པ་གསར་བ་རྒྱ་བསྐྱེད་དེ། ཆ་རྐྱེན་འཛོམས་པའི་སྨན་པས་འཕྲིན་སྦྲེལ་དྲ་བའི་སྨན་བཅོས་སྤེལ་བར་བསྟོད་སྐུལ་བྱས་ཏེ། མང་ཚོགས་ཀྱིས་སྨན་པ་སྟོན་པར་སྟབས་བདེ་སྐྲུན་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རམ་འདེགས་བྱས། ཕྱོགས་ཡོངས་ནས་སྨན་པའི་ཐོ་འགོད་དོ་དམ་བཅོས་བསྒྱུར་ལག་བསྟར་བྱས་ཏེ། ཆ་འཕྲིན་ཅན་གྱི་བྱེད་སྟངས་བེད་སྤྱད་ནས། སྨན་པའི་གནས་རྐྱང་ལས་གཉེར་ནས་གནས་མང་ལས་གཉེར་དང་། དེ་ནས་ས་ཁོངས་ཐོ་འགོད། སྤུས་ལེགས་སྨན་པའི་ཐོན་ཁུངས་ཀྱི་འགྱེད་འཕྲོའི་སྣེ་ཁྲིད་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པར་སྐུལ་འདེད་བཏང་། མིག་སྔའི་བར་དུ། རྒྱལ་ཡོངས་ཀྱི་ལས་ཁུངས་མང་པོར་ལས་གཉེར་བྱེད་བཞིན་པའི་སྨན་པའི་གྲངས་ཀ་ཁྲི30.4ལ་སླེབས་ཡོད་ཅིང་། དེའི་ཁྲོད་གཞི་རིམ་དུ་ལས་གཉེར་བྱེད་བཞིན་པའི་སྨན་པའི་བསྡུར་ཚད40%ལས་བརྒལ་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།