ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་སྐབས་ལྔ་བར་རྟེན་འབྲེལ་འཕྲིན་ཡིག་བསྐུར།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2021-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་སྐབས་ལྔ་བར་རྟེན་འབྲེལ་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མི་དམངས་བར་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ཟབ་ཅིང་ལོ་རྒྱུས་ཡུན་རིང་ལྡན། ཉེ་བའི་ལོ་འགའི་རིང་། ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འཐབ་ཇུས་མཐུན་སྦྱོར་དང་འགུལ་སྐྱོད་འབྲེལ་མཐུད་ལ་ཤུགས་བསྣན་ཏེ། མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་ལས་སྐྲུན་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ། ཀྲུང་གོས་མུ་མཐུད་དུ་ཨ་རབ་རྒྱལ་ཁབ་ཀྱི་ཉོ་ཚོང་གི་རོགས་ཟླའི་རྒྱལ་ཁབ་དང་པོའི་གོ་གནས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞིང་། པྲོག་གསར་གློ་ཚད་རིམས་ནད་ལ་གདོང་གཏད་དེ། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱིས་མཉམ་དུ་རིམས་ནད་ལ་སྔོན་འགོག་བྱས་ཏེ། སོ་སྲུང་རོགས་རས་དང་དུས་ངལ་མཉམ་སེལ་གྱི་མིག་དཔེ་བསྐྲུན་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཨ་རབ་རྒྱལ་ཁབ་དང་མཉམ་དུ། མཉམ་ལས་འཕེལ་རྒྱས་ལ་ཇུས་འགོད་དང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱ་རྒྱུ་དང་། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་ཏེ། ཀྲུང་གོ་དང་ཨ་རབ་བར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་སྟེང་སླེབས་པར་སྐུལ་འདེད་བཏང་ནས། ལག་གདང་སྦྲེལ་ནས་དུས་རབས་གསར་བར་ཕྱོགས་པའི་ཀྲུང་གོ་དང་ཨ་རབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུ་ཡིན།

ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་སྟོན་ཚོགས་སྐབས་ལྔ་བ་ཟླ8པའི་ཚེས19ཉིན་ཉིང་ཞ་དབྱིན་ཁྲོན་ནས་སྤེལ་མགོ་བརྩམས་ཤིང་། དངོས་མང་སྟོན་ཚོགས་དེ་ཚོང་དོན་པུའུ་དང་ཀྲུང་གོའི་རྒྱལ་སྤྱིའི་ཉོ་ཚོང་སྐུལ་འདེད་ཨུ་ཡོན་ལྷན་ཁང་དང་ཞིང་ཞ་ཧའེ་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་དུ་སྤེལ་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།