ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨར་ཅི་རི་ཡར་ནགས་ཚལ་མེ་སྐྱོན་བྱུང་བར་ཨར་ཅི་རི་ཡའི་ཙུང་ཐུང་ཐི་པིན་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨར་ཅི་རི་ཡར་ནགས་ཚལ་མེ་སྐྱོན་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་ཐེབས་པར་གཞིགས་ནས་ཨར་ཅི་རི་ཡའི་ཙུང་ཐུང་ཐི་པིན་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ་དང་། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ནས་རྐྱེན་ལམ་དུ་ཤོར་བའི་མི་སྣར་མྱ་ངན་ཟབ་མོ་ཞུས་པ་དང་རྐྱེན་ལམ་དུ་ཤོར་བའི་མིའི་ནང་མི་དང་རྨས་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།