མི་འབོར་དང་འཆར་ལྡན་བུ་བཙའི་བཅའ་ཁྲིམས་ཀྱི་བཟོ་བཅོས་མ་ཟིན་འདུས་པའི་ཁྲིམས་ལུགས་མ་ཟིན་འགའ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་སུམ་ཅུ་པ་ཚེས17ཉིན་གྱི་སྔ་དྲོར་པེ་ཅིང་ནས་འཚོགས་པ་དང་། མི་འབོར་དང་འཆར་ལྡན་བུ་བཙའི་བཅའ་ཁྲིམས་ཀྱི་བཟོ་བཅོས་མ་ཟིན་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་མ་ཟིན། ཁྱིམ་ཚང་སློབ་གསོའི་བཅའ་ཁྲིམས་ཀྱི་མ་ཟིན། སྨན་པའི་བཅའ་ཁྲིམས་ཀྱི་མ་ཟིན། ལྟ་ཞིབ་དཔོན་བཅའ་ཁྲིམས་ཀྱི་མ་ཟིན་བཅས་འདུས་པའི་ཁྲིམས་ལུགས་མ་ཟིན་འགའ་ཐེངས་འདིའི་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲད་པ་རེད།  །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།