ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་སྐབས་སུ་ཁྲིམས་འགལ་དོགས་ཡོད་ཉེན་རྟོག་པ49163གྱོད་དོན་ཐོ་འགོད་ཞིབ་བཤེར་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས16ཉིན་གསར་འགོད་པས་རྒྱལ་ཡོངས་ཀྱི་སྐོར་ཐེངས་གཉིས་པའི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་སྟེང་ནས་ཤེས་གསལ་ལྟར་ན། རྒྱལ་ཡོངས་ཀྱི་རེས་སྐོར་དང་པོའི་སློབ་གསོ་དག་ཐེར་དང་ཕྱིར་མིག་ལྟ་བའི་རིང་། རྒྱལ་ཡོངས་སུ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་ལ་རང་འགུལ་ངང་ཉེས་ཞུ་བྱས་པའི་སྲིད་ཁྲིམས་ལས་བྱེད་པ་ཁྲི2ཙམ་ཡོད། ཁྲིམས་འགལ་སྒྲིག་འགལ་དོགས་ཡོད་ཉེན་རྟོག་པ49163ལ་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་བྱས། མི2875ལ་ཟུར་དུ་འཇོག་པའི་བྱེད་ཐབས་སྤྱད་ཡོད་པ་དང་། རིགས་བཞི་ཕྱོགས་བསྡུས་ཀྱི་རྣམ་པ་སྤྱད་དེ་ལས་བྱེད་ཉེན་རྟོག་པ178431ལ་ཆད་པ་བཅད་པ་དང་། དེའི་ནང་རྣམ་པ་རིགས་དང་པོ83%ཟིན་ཡོད་ལ། རྣམ་པ་རིགས་གཉིས་པ14%ཟིན་ཡོད། རྣམ་པ་རིགས་གསུམ་པ1.9%དང་རྣམ་པ་རིགས་བཞི་བ1.1%བཅས་ཟིན་ཡོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།