《ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་སློབ་སྦྱོང་རྩ་གནད》དཔེ་སྐྲུན་འགྲེམས་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཕྱི་འབྲེལ་པུའུ་ཡིས《ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་སློབ་སྦྱོང་རྩ་གནད》(གཤམ་དུ《རྩ་གནད》ཅེས་བསྡུས་ཡོད)རྩོམ་སྒྲིག་བྱས་ཏེ། མི་དམངས་དཔེ་སྐྲུན་ཁང་དང་སློབ་སྦྱོང་དཔེ་སྐྲུན་ཁང་གིས་མཉམ་དུ་པར་སྐྲུན་བྱས་ཤིང་དེ་ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཀྲུང་གོ་དང་འཛམ་གླིང་གི་འཕེལ་རྒྱས་གནས་བབ་ཆེན་པོར་སྟངས་འཛིན་གཏིང་ཟབ་གནང་ནས་ཕྱི་ཕྱོགས་ལས་དོན་ཐད་རིག་གཞུང་དང་ལག་ལེན་གྱི་གསར་གཏོད་གལ་ཆེན་རབ་དང་རིམ་པ་གནང་སྟེ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ཆགས་ཡོད། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལག་ལེན་ཟུང་འབྲེལ་བྱས་པའི་རིག་གཞུང་གི་གྲུབ་འབྲས་གལ་ཆེན་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དགོངས་པ་དེ་ཕྱི་འབྲེལ་ཁྱབ་ཁོངས་ཀྱི་གཅིག་བསྡུས་མངོན་ཚུལ་དང་། དུས་རབས་གསར་པའི་རང་རྒྱལ་ཕྱི་ཕྱོགས་ལས་དོན་གྱི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡང་ཡིན། 

《རྩ་གནད》དེར་ཁྱོན་ལེའུ14ལ་ས་བཅད46དང་དོན་ཚན128ཡོད་ལ། ཡིག་འབྲུ་ཁྲི10ཙམ་ཡོད། དེབ་དེས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་དོན་སྙིང་གལ་ཆེན་དང་ཕུན་སུམ་ཚོགས་པའི་ནང་དོན། ལྟེ་བའི་དོན་གནད། དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་མ་ལག་ལྡན་པའི་ངང་རྒྱས་འགྲེལ་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཕྱི་འབྲེལ་ཁྱབ་ཁོངས་སུ་གསར་གཏོད་རང་བཞིན་གྱི་བྱས་རྗེས་བཞག་པ་ཁྱོན་ཡོངས་ནས་མཚོན་ཡོད།《རྩ་གནད》ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་གྲུབ་ཆ་གྲལ་འགྲིག་པ། མ་རྩོམ་དང་མ་ཡིག་རྣམ་མར་མཚོན་པ། རྩོམ་སྲོལ་གསོན་ཉམས་ལྡན་ལ་བབ་ཆགས་པ་བཅས་ཡིན་པས། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་རམ་འདེགས་ཀློག་དེབ་བློ་ཁེལ་ཆོག་པ་ཞིག་རེད། 

ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཕྱི་འབྲེལ་པུའུ་ཡིས་བརྡ་ཐོ་བཏང་ནས། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས《ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་སློབ་སྦྱོང་རྩ་གནད》དེ་སློབ་སྦྱོང་འཆར་གཞིའི་ནང་བཅུག་སྟེ་ཁྱོན་ཡོངས་ནས་མ་ལག་ལྡན་པར་སློབ་སྦྱོང་བྱེད་པ་དང་། དུས་ཐོག་ཏུ་སློབ་སྦྱོང་བྱེད་པ། བསམ་གཞིག་གཏིང་ཟབ་བཏང་ནས་སློབ་སྦྱོང་བྱེད་པ། དོན་དངོས་དང་ཟུང་འབྲེལ་ནས་སློབ་སྦྱོང་བྱེད་པ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པར་རྒྱལ་ཁ་ལེན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།