ཞི་ཅིན་ཕིང་དང་དབྱི་ལང་གི་ཙུང་ཐུང་ལའེ་ཞི་གཉིས་ཀྱིས་ཕན་ཚུན་ལ་ཀྲུང་དབྱིའི་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པའི་རྟེན་འབྲེལ་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་དབྱི་ལང་གི་ཙུང་ཐུང་ལའེ་ཞི་ཡིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་ནས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀའི་རིང་། ཀྲུང་དབྱིའི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་ཕྱིན་ཞིང་སྲོལ་རྒྱུན་གྱི་མཛའ་བརྩེའི་ཡུན་རིང་ཞིང་སྲ་བརྟན་ཡིན། 2016ལོར། རྒྱལ་ཁབ་གཉིས་པོས་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་རྗེས། ཕྱོགས་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཤུགས་ཉིན་རེར་ཇེ་ཆེ་དང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་བརྟན་བརླིང་སྒོས་སྐུལ་འདེད་བཏང་། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཀྲུང་གོ་དང་དབྱི་རན་གཉིས་ཀྱི་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རེས་བྱས་ནས་རིམས་ནད་མཉམ་ལས་ཀྱི་གཏམ་སྙན་བསྒྲགས་ཡོད། ངས་ཀྲུང་དབྱིའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ལའེ་ཞི་ཙུང་ཐུང་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ་གོ་སྐབས་སུ་བྱས་ཏེ། སྲོལ་རྒྱུན་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཀྲུང་དབྱི་རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད། 

ལའེ་ཞི་ཡིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། དབྱི་ཀྲུང་རྒྱལ་ཁབ་གཉིས་པོ་ནི་གནའ་བོའི་དཔལ་ཡོན་རྒྱལ་ཁབ་ཡིན། རྒྱལ་ཁབ་གཉིས་པོའི་བར་གྱི་མཛའ་བརྩེ་ནི་གནའ་བོའི་སྡོང་རྒན་ལྟར་ལོ་ངོ་སྟོང་ཕྲག་འགའི་མཛའ་མཐུན་འགྲོ་འོང་ཁྲོད་ནས་ཉིང་བཅུད་བསྡུ་ལེན་བྱས་ཏེ། དབྱི་ཀྲུང་གི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད། དབྱི་ལང་གིས་དབྱི་ཀྲུང་འབྲེལ་བ་འཛུགས་པའི་བློ་འདུན་ལ་འགྱུར་བ་མེད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལོ་དྲུག་ཅུར་སླེབས་པའི་དུས་འདིར། དབྱི་ལང་གིས་ཀྲུང་གོ་དང་མཉམ་དུ་འཐབ་ཇུས་མཉམ་ལས་ཀྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་བཏང་སྟེ། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བའི་ཐད་འབྲེལ་འདྲིས་བྱེད་ཤུགས་ཆེ་རུ་བཏང་ནས་དབྱི་ཀྲུང་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་འདོད་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།