ཀྲུང་གོ་བོད་ཀྱི་དྲ་བ།

འཕྲལ་བསྟུན་དོ་དམ་པུའུ་ཡིས་ལས་སྒྲུབ་ཚན་ཆུང་མངགས་ཏེ་ཧུའུ་པའེ་རུ་གནོད་སེལ་མྱུར་སྐྱོབ་བྱ་བར་མཛུབ་སྟོན་རོགས་འདེགས་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་འཕྲལ་བསྟུན་དོ་དམ་པུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ཟླ8པའི་ཚེས11ཉིན་གྱི་དགོང་མོ་ནས་ཚེས12ཉིན་གྱི་ཆུ་ཚོད12བར། ཧུའུ་པའེ་སུའེ་ཀྲིག་དང་ཞང་དབྱང་། ཞའོ་ཀན་སོགས་ས་གནས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་བབས་ནས་འཕྲིན་གཏོང་དང་གློག་ཤུགས་ཆད་པ་དང་། མི་མང་པོར་དཀའ་ངལ་བཟོས། སྙན་ཞུ་འབྱོར་རྗེས། རྒྱལ་ཁབ་ཞོད་འགོག་སྤྱིའི་བཀོད་འདོམས་པ་གཞོན་པའམ་འཕྲལ་བསྟུན་དོ་དམ་པུའུ་ཡི་པུའུ་ཀྲང་ཧོང་མིན་མྱུར་ཏུ་བཀོད་འདོམས་ལྟེ་གནས་སུ་ཡོང་ནས། བརྙན་རིས་བརྒྱུད་དེ་ཡུལ་དངོས་ཀྱི་ཧུའུ་པའེ་ཞིང་ཆེན་འཕྲལ་བསྟུན་ཐིང་དང་མེ་གསོད་མེ་འགོག་མྱུར་སྐྱོབ་རུ་ཁག་གི་འགན་ཁུར་བློ་མཐུན་ལ་ཆུ་ལོག་གནས་ཚུལ་དང་གནོད་འཚེའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། གནོད་སེལ་མྱུར་སྐྱོབ་བྱ་བར་བཀོད་འདོམས་བྱས། འཕྲལ་བསྟུན་དོ་དམ་པུའུ་ཡིས་ལས་སྒྲུབ་ཚན་ཆུང་མངགས་ཏེ་གནོད་སེལ་བྱ་བར་མཛུབ་སྟོན་བྱས། ད་ལྟའི་བར་དུ། ཧུའུ་པའེ་ཞིང་ཆེན་མེ་གསོད་མེ་འགོག་སྤྱི་ཁྱབ་རུ་ཁག་གིས་ཆུ་ཁོངས་མྱུར་སྐྱོབ་རུ་ཁག5ཡི་འཐབ་མོ་བ173དང་།གྲུ13མངགས་ནས་མྱུར་སྐྱོབ་ཁྲོད་ཞུགས་ཡོད། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།