ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་རྒྱ་གྲམ་དམར་པོའི་ཐེབས་རྩ་ཚོགས་པས་ཧོ་ནན་ཞིང་ཆེན་ཞོད་འགོག་གནོད་སེལ་ཐད་ཀྱི་རོགས་སྐྱོར་གནས་ཚུལ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རྒྱ་གྲམ་དམར་པོ་ཐེབས་རྩ་ཚོགས་པས་ཧོ་ནན་ཞིང་ཆེན་ཞོད་འགོག་གནོད་སེལ་ཐད་སྤྱི་ཚོགས་ཞལ་འདེབས་བེད་སྤྱོད་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས། བསྡོམས་རྩིས་ལྟར་ན། ཟླ8པའི་ཚེས10ཉིན་གྱི་དུས་ཚོད17བར། ཀྲུང་གོའི་རྒྱ་གྲམ་དམར་པོ་ཐེབས་རྩ་ཚོགས་པས་དང་ལེན་དང་བེད་སྤྱོད་བྱས་པའི་ཧོ་ནན་ཞིང་ཆེན་ཞོད་འགོག་གནོད་སེལ་གྱི་སྤྱི་ཚོགས་ཞལ་འདེབས་སྒོར་མོ་དང་དངོས་རྫས་རིན་ཐང་སྒོར་ཁྲི40003.77ལ་སླེབས་ཤིང་། དེར་མ་དངུལ་སྒོར་ཁྲི36525.67ཡོད་པ་དང་། དངོས་རྫས་རིན་ཐང་སྒོར་ཁྲི3478.10འདུས།

དང་ལེན་མ་དངུལ་སྒོར་ཁྲི36525.67ཡིན་ཞིང་། དེ་གནོད་ཐེབས་མི་སྣའི་མ་མཐའི་འཚོ་བའི་མྱུར་སྐྱོབ་དངོས་རྫས་ཉོ་བསྡུ་དང་། མི་ཆོས་མྱུར་སྐྱོབ་ལས་གཞི་ཐད་སྒོར་ཁྲི2882.71བཀོལ་བ་དང་། ཧོ་ནན་མྱུར་སྐྱོབ་རུ་ཁག་བྱ་བར་རྒྱབ་སྐྱོར་ཐད་བཀོལ་བའི་འགྲོ་གྲོན་སྒོར་ཁྲི2774.02ཡིན་ཞིང་། མྱུར་སྐྱོབ་དངོས་རྫས་ཉོ་སྒྲུབ་དང་གསོག་ཉར། སྐྱེལ་འདྲེན་ཐད་སྒོར་ཁྲི4000.72ཡིན། མྱུར་སྐྱོབ་རླངས་འཁོར་དང་སྨན་བཅོས་སྒྲིག་ཆས་ཉོ་སྒྲུབ་དང་། སྨན་བཅོས་སྡེ་ཁག་ལ་གྱོང་གུད་ཐེབས་པར་རྒྱབ་སྐྱོར་བྱས་པའི་མ་དངུལ་སྒོར་ཁྲི6944.08དང་། རིམས་འགོག་དུག་སེལ་དངོས་རྫས་དང་། རིམས་འགོག་དུག་སེལ་རྩ་འཛུགས་ཐད་བཀོལ་བའི་མ་དངུལ་སྒོར་ཁྲི4497.57། གཞི་རིམ་འཕྲོད་བསྟེན་ཞབས་ཞུའི་སྒྲིག་ཆས་སླར་གསོའི་བསྐྱར་སྐྲུན་དང་། གཞིས་ཁུལ་གནོད་འགོག་གནོད་སེལ། སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་དང་སྤྱི་བའི་བདེ་འཇགས་ལས་གཞི་ཐད་བཀོལ་བའི་མ་དངུལ་སྒོར་ཁྲི13851.28། སློབ་གྲྭ་འབྲིང་ཆུང་གི་སླར་གསོ་བསྐྱར་སྐྲུན་ཐད་བཀོལ་བའི་མ་དངུལ་སྒོར་ཁྲི1575.29བཅས་ཡིན། 

དང་ལེན་དངོས་རྫས་རིན་ཐང་སྒོར་ཁྲི3478.10ཡོད་པ་དེ་དག་ཧོ་ནན་ཀྲིན་ཀྲིག་དང་ཞིན་ཞང་། ཏིན་ཧྥིན། ཀུང་དབྱི། ལའོ་དབྱང། ཁའེ་ཧྥིན་སོགས་ས་ཁུལ་དུ་མྱུར་སྐྱོབ་དང་གནོད་ཐེབས་མི་སྣའི་འཚོ་བའི་རོགས་སྐྱོར་ཐད་བཀོལ་ཟིན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།