ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་ལྔ་བའི་ཀྲུང་གོ་དང་སོ་ཏི་ཨ་རབ་དངོས་མང་བཤམས་སྟོན་ཚོགས་འདུར་ཆུའི་ཐོན་ཁུངས་གླེང་སྟེགས་ཐོག་མར་བཀོད་སྒྲིག་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས12ཉིན་བསྡུས་པའི་སྐབས་ལྔ་བའི་ཀྲུང་གོ་དང་སོ་ཏི་ཨ་རབ་དངོས་མང་བཤམས་སྟོན་ཚོགས་འདུའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། ཀྲུང་གོ་དང་སོ་ཏི་ཨ་རབ་དངོས་མང་བཤམས་སྟོན་ཚོགས་འདུར་ཚུད་པའི་ཆུའི་ཐོན་ཁུངས་གླེང་སྟེགས་དེ་ཟླ8པའི་ཚེས18ཉིན་ཉིང་ཞྭ་དབྱིན་ཁྲོན་དུ་བསྡུ་རྒྱུ་རེད།

ཆུའི་ཐོན་ཁུངས་གླེང་སྟེགས་ལ་ཆུ་བེད་པུའུ་དང་ཉིང་ཞྭ་ཧུའེ་རིགས་རང་སྐྱོང་ལྗོངས་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་དང་། ཉིང་ཞྭ་ཆུ་བེད་ཐིང་གིས་འགན་སྒྲུབ་བྱས་ཤིང་། གླེང་སྟེགས་ཀྱིས“གྲངས་འཛིན་གྱིས་ཆུའི་ཐོན་ཁུངས་གྲོན་ཆུང་དང་བདེ་འཇགས་བེད་སྤྱོད་ཐད་བསྩལ་བའི་གཅིག་སྡུད་ནུས་པ”བརྗོད་དོན་དུ་བྱས་ཤིང་། “དྲ་ཐོག+ཡུལ་དངོས། དྲ་ཐོག་གཙོར”བྱེད་པའི་རྣམ་པའི་སྤེལ་བ་ཡིན། 

ཆུའི་ཐོན་ཁུངས་གླེང་སྟེགས་ཀྱིས་ཧུར་ཐག་གིས་ཀྲུང་གོའི་ཆུའི་བཅོས་སྐྱོང་གི་འདུ་ཤེས་དྲིལ་སྒྲོག་བྱེད་པ་དང་། གླེང་སྟེགས་དེ་ཆུ་གྲོན་ཆུང་དང་གྲངས་འཛིན་ཅན་གྱིས་ཆུ་བཅོས་སྐྱོང་གི་གྲུབ་འབྲས་མངོན་པའི་སྟེགས་བུ་ཞིག་ཏུ་བརྩོན་ལེན་བྱེད་པ་དང་། ཀྲུང་གོའི་ཆུ་བེད་དེ“རྒྱུད་གཅིག་ལམ་གཅིག”རྒྱལ་ཁབ་ཀྱི་འགྲེམ་སྟོན་སྒེའུ་ཁུང་དང་རྒྱལ་སྤྱིའི་ཆུ་དོན་བྱ་འགུལ་གྱི་ཟོང་རྟགས་ཤིག་ཏུ་གསར་སྐྲུན་བྱེད་རྒྱུ་རེད།

ད་ལྟ། ཆུའི་ཐོན་ཁུངས་གླེང་སྟེགས་ཀྱི་ཐོག་མར་གཏན་འཁེལ་བྱས་པའི་རྒྱལ་སྤྱིའི་ཆུ་འདྲེན་ཕྱིར་འབུད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། སོ་ཏི་ཨ་རབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སོགས་ཀྱིས་བརྙན་རིས་ཀྱི་རྣམ་པས་གླེང་སྟེགས་ལ་ཤིས་ཚིག་དང་སྙན་ཞུ་ཕུལ། གླེང་སྟེགས་ཀྱིས་ཆུའི་རྒྱལ་སྤྱིའི་རྩ་འཛུགས13གདན་འདྲེན་བྱས་ཡོད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།