ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས《ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་སྟེ་ཀྲུང་གོའི་མིའི་དབང་ཆའི་ལས་དོན་འཕེལ་རྒྱས་ཀྱི་འོད་སྟོང་ལྡན་པའི་ལེའུ》ཡི་རྒྱབ་ཤ་དཀར་པོའི་དེབ་འགྲེམ་སྤེལ་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས12ཉིན《ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་སྟེ་ཀྲུང་གོའི་མིའི་དབང་ཆའི་ལས་དོན་འཕེལ་རྒྱས་ཀྱི་འོད་སྟོང་ལྡན་པའི་ལེའུ》ཡི་རྒྱབ་ཤ་དཀར་པོའི་དེབ་འགྲེམ་སྤེལ་བྱས།

རྒྱབ་ཤ་དཀར་པོའི་དེབ་ནང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་མི་དམངས་ཀྱི་བདེ་སྐྱིད་མཐོར་འདེགས་དང་དམངས་ཡོངས་ཀྱི་མི་དམངས་དབང་ཆའི་འགན་སྲུང་ཆུ་ཚད་མཐོར་འདེགས། རྒྱལ་ཁབ་དེང་རབས་ཅན་མངོན་འགྱུར་ལག་བསྟར་བྱེད་པའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་ཞིག་ཡིན། ཀྲུང་གོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དེས། མིའི་དབང་ཆའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་མིའི་དབང་ཆའི་ནང་སྙིང་ཕུན་ཚོགས་སུ་གཏོང་བ། དེ་མིན་མིའི་དབང་ཆའི་མཐོང་རྒྱ་ཆེར་བསྐྱེད་པ་དང་། དེས་མིའི་དབང་ཆ་ཁྱོན་ཡོངས་འཕེལ་རྒྱས་དང་དམངས་ཡོངས་ཀྱི་མཉམ་སྤྱོད་ཐུབ་པ་མཚོན་ཡོད་ལ། ཀྲུང་གོའི་མིའི་དབང་ཆའི་ལས་དོན་གྱི་ལེའུ་གསར་བ་ཞིག་བྲིས་ཏེ། མིའི་རིགས་ཀྱི་བརྩི་མཐོང་དང་མིའི་དབང་ཆར་འགན་སྲུང་བྱེད་པའི་ངོ་མཚར་ཞིག་སྐྲུན་ཡོད་ཅེས་གསལ་བོར་བཀོད་ཡོད།

རྒྱབ་ཤ་དཀར་པོའི་དེབ་ལས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་བྱེད་པ་དེས་མིའི་དབང་ཆའི་ལས་དོན་གྱི་རྟགས་མཚམས་གསར་བ་ཞིག་བཏོད་ཅིང་། ལྟོས་བཅས་ཀྱི་དབུལ་ཕོངས་མེད་པར་བཟོས་ནས་མ་མཐའི་འཚོ་བའི་ཆུ་ཚད་མངོན་འགྱུར་བྱུང་ཞིང་། འཕེལ་རྒྱས་ཀྱིས་མིའི་དབང་ཆར་སྐུལ་འདེད་དང་དཔལ་འབྱོར་སྤྱི་ཚོགས་རིག་གནས་དབང་ཆར་སྐུལ་འདེད་བཏང་སྟེ། ཁྲིམས་ལེགས་བྱམས་སྐྱོང་གིས་སྤྱི་དམངས་ཀྱི་དབང་ཆ་དང་ཆབ་སྲིད་ཀྱི་དབང་ཆར་སྲུང་སྐྱོང་བྱེད་པ་དང་། སྤྱི་ཚོགས་དྲང་བདེན་ལ་སྐུལ་འདེད་བཏང་ནས་དམིགས་བསལ་ཚོགས་པའི་ཁེ་དབང་ལ་འགན་སྲུང་བྱས་ཡོད་ཅེས་བསྟན།

རྒྱབ་ཤ་དཀར་པོའི་དེབ་ནང་། ཀྲུང་གོའི་མི་གྲངས་ཀྱིས་འཛམ་གླིང་གི་སྤྱིའི་མི་གྲངས་ཀྱི་ལྔ་ཆའི་གཅིག་ཟིན་ཡོད། ཀྲུང་གོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་བྱེད་པ་ནི། འཛམ་གླིང་མིའི་དབང་ཆའི་ལས་དོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་གི་རྡོ་རིང་ལྟ་བུ་ཡིན། ཀྲུང་གོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་བྱས་པའི་རླབས་ཆེན་གྱི་གོ་རིམ་ཁྲོད། གསར་སྐྲུན་བྱས་པའི་མིའི་དབང་ཆར་བརྩི་མཐོང་དང་འགན་སྲུང་བྱས་པའི་སྒྲུབ་ཐབས་དང་ཉམས་མྱོང་གིས། མིའི་རིགས་ཀྱི་བདེ་སྐྱིད་ལ་ཀྲུང་གོའི་བློ་གྲོས་དང་། ཀྲུང་གོའི་བྱ་ཐབས་མཁོ་འདོན་བྱས་ཡོད་ཅེས་བཀོད་ཡོད།

དེབ་དཀར་མ་ལས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དེས། ཀྲུང་གོའི་མིའི་དབང་ཆའི་འཕེལ་རྒྱས་དང་ཡར་རྒྱས་ཀྱི་མགོ་རྩོམ་ས་གསར་བ་ཞིག་བཙུགས་ཡོད། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད། ཀྲུང་གོ་གུང་ཁྲན་ཏང་གིས་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་ཁོང་དུ་ཆུད་པར་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མི་དམངས་ཡོངས་ཀྱི་སྣེ་ཁྲིད་དེ། སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་དང་ཆུ་ཚད་སྔར་ལས་མཐོ་བའི་མིའི་དབང་ཆའི་ཐད་འབད་བརྩོན་བྱེད་བཞིན་ཡོད། ཀྲུང་གོས་འཛམ་གླིང་གི་མིའི་དབང་ཆའི་ལས་དོན་འཕེལ་རྒྱས་ཐད་སྔར་ལས་ཆེ་བའི་བྱས་རྗེས་འཇོག་སྲིད་ཅེས་གསལ་བོར་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།