ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ལན་ཁའི་འཕྲོད་བསྟེན་པུའུ་ཀྲང་གིས་པྲོག་གསར་གློ་ཚད་ནད་དུག་གི་ཁུངས་འདེད་གནད་དོན་དེ་ཆབ་སྲིད་ཅན་དུ་བསྒྱུར་བར་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་བསྟན།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ལན་ཁའི་འཕྲོད་བསྟེན་པུའུ་ཀྲང་ཝན་ཉིས་ཡཱ་ལཱ་ཆི་ཡིས་ཚེས9ཉིན། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཁུངས་འདེད་གནད་དོན་དེ་ཆབ་སྲིད་ཅན་དུ་བསྒྱུར་བར་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་བསྟན།

ཝན་ཉི་ཡཱ་ལཱ་ཆི་ཡིས་ཉིན་དེར་སི་རི་ལན་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཆི་ཀྲིན་ཧོང་ལ་མཇལ་འཕྲད་གནང་སྐབས། ཕྱོགས་གཉིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཁུངས་འདེད་གནད་དོན་ནི་ཚན་རིག་གི་གནད་དོན་ཡིན་པས། ཆབ་སྲིད་ཅན་དུ་བསྒྱུར་ན་གནད་དོན་ཐག་གཅོད་ལ་ཕན་པ་མེད་པ་མ་ཟད། རྒྱལ་ཁབ་སོ་སོས་སྔ་མོ་ནས་རིམས་ནད་ལས་རྣམ་པར་རྒྱལ་བར་བཀག་རྒྱ་བཟོས་པ་ཡིན་ཞེས་བསྟན།

ཝན་ཉི་ཡཱ་ལཱ་ཡིས་བསྟན་དོན། པྲོག་གསར་གློ་ཚད་བྱུང་བ་ནས་བཟུང་། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁར་སྨན་བཅོས་དངོས་རྫས་དང་འགོག་ཁབ་མང་པོ་མཁོ་འདོན་བྱས་ཤིང་། ད་ལྟའི་བར་སི་རི་ལན་ཁའི་རྒྱལ་ཡོངས་ཀྱི་འགོག་ཁབ་ཀྱི80ནི་ཀྲུང་གོའི་འགོག་ཁབ་ཡིན།

དེང་སྐབས། སི་རི་ལན་ཁར་པྲོག་གསར་གློ་ཚད་ནད་དུག་ཏི་འར་ཐའི་རྒྱུད་འགྱུར་ནད་དུག་གི་ཉེན་ཁ་དང་འཕྲད་ཡོད་ཅིང་། རེ་བར་ཀྲུང་གོ་ཕྱོགས་ཀྱིས་སྔོན་དང་འདྲ་བར་རོགས་རམ་མཁོ་འདོན་བྱེད་རྒྱུའི་འདོད་ཚུལ་བསྟན།

ཆི་ཀྲིན་ཧོང་གིས་བཤད་རྒྱུར། ཀྲུང་གོ་མི་དམངས་ཀྱིས་ནམ་ཡང་ན་ནིང་གི་རིམས་ནད་བྱུང་བའི་དུས་མགོར་སི་རི་ལན་ཁའི་ལས་རིགས་སོ་སོའི་མི་སྣས་ཀྲུང་གོར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་བརྗེད་མི་སྲིད་ཅིང་། ཀྲུང་གོ་འགོག་ཁབ་དེ་སི་རི་ལན་ཁའི་རྒྱལ་ཡོངས་འགོག་ཁབ་འཆར་གཞི་ཁྲོད་བྱེད་ནུས་གཙོ་བོ་འདོན་སྤེལ་བྱས་པར་དགའ་སྤྲོ་སྐྱེས་ཡོད། དེང་སྐབས། ཀྲུང་གོས་རང་ནུས་ཅི་ཡོད་ཀྱི་ཁྱབ་ཁོངས་སུ། མུ་མཐུད་དུ་སི་རི་ལན་ཁའི་ཕྱོགས་ལ་འགོག་ཁབ་དང་སྨན་བཅོས་སྒྲིག་ཆས་མཁོ་འདོན་བྱེད་པ་དང་། སི་རི་ལན་ཁའི་སྟོབས་ཤུགས་ཡོད་རྒུས་རིམས་འགོག་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།