ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་ལག་བསྟར་རྩ་འཛིན་ཞེས་པ་དཔར་ནས་བཀྲམ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་ལག་བསྟར་རྩ་འཛིན་ཞེས་པ་དཔར་ནས་བཀྲམ།

རྩ་འཛིན་ལས་བསྟན་དོན། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འོས་འགན་གལ་ཆེན་དང་བཟོ་སྐྲུན་གཙོ་བོ་ཡིན་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་ཕྱོགས་པར་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཡིན། མིག་སྔར། རང་རྒྱལ་གྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་པའི་བགྲོད་ལམ་སྟེང་གོམ་ཁ་བསྒྱུར་ཟིན་པས། ངེས་པ་དུ་སྤྱི་ཡོངས་ནས་རྐང་ཚུགས་པར་བྱེད་པ་དང་མིག་རྒྱང་རིང་བོ་འཛིན་པ། ཞན་ཆ་དུས་ལྟར་གསབ་པ་བཅས་ལ་འབད་དེ། དུས་རབས་གསར་པའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་བྱེད་པར་འབད་དགོས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།