ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ན་གཞོན་གཙོ་འཛིན་གླེང་མོལ་ལས་གཞིའི་ཕྱི་རྒྱལ་གྱི་ན་གཞོན་འཐུས་མིར་འཕྲིན་ལན་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བརྒྱད་པའི་ཚེས་བཅུ་ཉིན། རྒྱལ་སྤྱིའི་ན་གཞོན་གཙོ་འཛིན་གླེང་མོལ་ལས་གཞིའི་ཕྱི་རྒྱལ་གྱི་ན་གཞོན་འཐུས་མིར་འཕྲིན་ལན་བསྐུར་ཏེ། ཁོ་ཚོས་འབད་འབུངས་སྒོས་ཀྲུང་གོའི་ས་གནས་སོ་སོར་དངོས་བཅར་བྱས་ནས་ཀྲུང་གོར་རྒྱུས་ལོན་གཏིང་ཟབ་བྱས་པར་བསྟོད་བསྔགས་བྱས་པ་དང་། ཁོ་ཚོས་ཕན་ཚུན་བར་བསམ་བློ་བརྗེ་རེས་དང་མིང་རྟགས་འགོད་པར་ཤུགས་བསྣན་ནས། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་པར་ལང་ཚོའི་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས།

ཞི་ཅིན་ཕིང་གིས་འཕྲིན་ལན་ཁྲོད་གསུངས་དོན། ཁྱོད་ཚོ་ཚང་མས་ཀྲུང་གོ་ནས་སློབ་སྦྱོང་དང་ལས་གཉེར། འཚོ་བ་བཅས་རོལ་བ་དང་། ཐེངས་འདིར་ཀྲུང་གོའི་ས་གནས་སོ་སོར་དངོས་བཅར་བྱེད་པའི་གོ་སྐབས་བྱུང་ནས། ཀྲུང་གོའི་ངོས་ཟིན་དང་ཀྲུང་གོར་རྒྱུས་ལོན་བྱེད་ཚད་ཇེ་ཞིབ་ཏུ་བཏང་བར་ང་རང་ངོས་ནས་དགའ་སྤྲོ་ཆེན་པོ་རྒྱས།

ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་གསུངས་དོན། ཁྱོད་ཚོས་ང་ལ་བསྐུར་བའི་འཕྲིན་ཡིག་ནང་གླེང་ཡོད་པ་ཇི་བཞིན། ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱི་ཤེས་རབ་དང་རྔུལ་ཆུར་བརྟེན་ནས། ཀྲུང་ཧྭ་ས་གཞི་ཆེན་མོའི་སྟེང་དུ་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ་དང་སྒེག་ཉམས་སྟོང་གིས་ཕྱུག་པའི་རིག་གནས་སྣ་མང་གསར་གཏོད་བྱས་ཏེ། སྐོམ་པ་ཆུ་འདོད་ལྟར་རེ་བའི་འབྱོར་འབྲིང་འཚོ་བ་མངོན་འགྱུར་བྱས། བདེ་སྐྱིད་འདོད་ན་འབད་འཐབ་དགོས། ཀྲུང་གོའི་མངའ་ཁོངས་རྒྱ་ཆེ་ལ་མི་གྲངས་མང་བས། འཕེལ་རྒྱས་དར་སྤེལ་གཏོང་འདོད་ན། ཆེས་གལ་ཆེ་ཤོས་ནི་ཀྲུང་གོའི་གནས་བབ་དངོས་ནས་རྐང་ཚུགས་པར་བྱེད་རྒྱུ་དང་ཀྲུང་གོ་རང་ཉིད་ཀྱི་ལམ་བུའི་སྟེང་བསྐྱོད་རྒྱུ་དེ་ཡིན། ལག་ལེན་གྱིས་ར་སྤྲད་པ་ལྟར་ན། ཀྲུང་གོའི་རྣམ་པ་ཡི་དེང་རབས་ཅན་གྱི་བགྲོད་ལམ་གསར་པའི་སྟེང་ལམ་ཇེ་ཡངས་ནས་ཇེ་ཡངས་ཡིན་ངེས་པས། རང་ཉིད་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་འབད་དེ་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་དགོས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།