ཀྲུང་གོ་བོད་ཀྱི་དྲ་བ།

བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཞུམ་མེད་ངོ་བོ་གསལ་བོར་མངོན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ལོ་སྟོད་དུ། རང་རྒྱལ་ལས་བསྣོན་ལས་རིགས་ཀྱིས་གྲུབ་འབྲས་ལེགས་པོ་ཞིག་སྤྲད། བཟོ་ལས་དང་བརྡ་འཕྲིན་ཅན་པུའུ་ཡི་སྤྱིའི་བཟོ་སྐྲུན་པའམ་གསར་འགྱུར་མགྲིན་ཚབ་པ་ཐེན་ཡུས་ལུང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ལོ་སྟོད་དུ། གཙོ་བོ་ཕྱོགས་འགའ་ནས་མངོན་ཡོད་དེ། བཟོ་ལས་དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་བྱུང་བ་དང་། འཕེལ་རྒྱས་ཀྱི་ཞུམ་མེད་ངོ་བོ་གསལ་བོར་མངོན། ལོ་སྟོད་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་བསྣོན་རིན་ཐང་དུས་མཉམ་ལས15.9%འཕར་བ་དང་། ལོ་གཉིས་ནང་ཆ་སྙོམས་ཀྱིས7%འཕར། སྔོན་གྱི་ཟླ5ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་ཕོགས་དུས་མཉམ་ལས83.4%འཕར་ཞིང་། ལོ་གཉིས་ནང་ཆ་སྙོམས་ཀྱིས21.7%འཕར་ཞིང་། ལོ་རྒྱུས་ཀྱི་ཆུ་ཚད་ཅུང་མཐོ་ཤོས་སུ་གནས། ཐོན་ལས་རིམ་འཕར་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཞིང་། སྒུལ་ཤུགས་གསར་བ་མགྱོགས་མྱུར་ངང་གསོ་སྐྱོང་བྱས། ལོ་སྟོད་ཀྱི་ལག་རྩལ་ལས་བསྣོན་ལས་རིགས་ཀྱི་འཕར་བསྣོན་རིན་ཐང་དུས་མཉམ་ལས22.6%འཕར་བ་དང་། ལོ་གཉིས་ནང་ཆ་སྙོམས་ཀྱིས13.2%འཕར། ཐོན་སྐྱེད་ཚོང་གཉེར་རྒྱུན་མཐུད་ངང་ལེགས་བཅོས་བྱུང་ཞིང་། ཁེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་མཐོར་འདེགས་སུ་སོང་། ལོ་སྟོད་ལ་བཟོ་ལས་ཁེ་ལས་འབྲིང་ཆུང་གི་འཕར་བསྣོན་རིན་ཐང་དུས་མཉམ་ལས18%འཕར་བ་དང་ལོ་གཉིས་ནང་ཆ་སྙོམས་ཀྱིས8.1%འཕར།

ལས་བསྣོན་ལས་རིགས་ནི་རྒྱལ་ཁབ་ཀྱི་རྩ་བ་ཡིན་ཞིང་། རྒྱལ་ཁབ་སྟོབས་ལྡན་གྱི་རྨང་གཞི་ཡིན། ཐེན་ཡུས་ལུང་གིས་བཤད་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། བཟོ་ལས་པུའུ་ཡིས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་ཡུན་རིང་འབྲིང་གི་བཟོ་ལས་དང་བརྡ་འཕྲིན་ཅན་འཕེལ་རྒྱས་འཆར་འགོད་སྒྲིག་བཟོ་བྱེད་བཞིན་པའི་སྒང་ཡིན་ཞིང་། ད་ལོའི་ལོ་སྨད་དུ་སྲིད་ཇུས་གཏན་འབེབས་བྱ་རྒྱུ་རེད། འཆར་འགོད་འདི་དག་གིས་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་དང་དམ་དུ་འབྲེལ་ཏེ་རྣམ་པ་གསར་བའི་བཟོ་ལས་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”དང་དུས་ཡུན་རིང་འབྲིང་ནང་། ལས་བསྣོན་སྟོབས་ལྡན་རྒྱལ་ཁབ་དང་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་དང་། མངོན་འགྱུར་བྱེད་ཐབས་དང་གཙོ་གནད་ལས་འགན་བཅས་ལ་བཅས་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།