ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སུ་པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་ཐེངས་དུང་ཕྱུར18ལས་བརྒལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ8པའི་ཚེས11ཉིན་རྒྱལ་ཡོངས་སུ་པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་ཐེངས་དུང་ཕྱུར18ལས་བརྒལ་ཡོད་པ་ཁྱབ་བསྒྲགས་བྱས། མིག་སྔར། འཛམ་གླིང་ཡོངས་ཀྱི་རིམས་ནད་གནས་བབ་ལ་མུ་མཐུད་དུ་འགྱུར་ལྡོག་བྱུང་བཞིན་ཡོད་ཅིང་། ནད་དུག་རྒྱུད་འགྱུར་གནས་ཚུལ་ཡང་བསྟུད་མར་བྱུང་ཡོད་དེ། རྒྱལ་ནང་གི་རིམས་ནད་གནས་ཚུལ་ས་ཆ་མང་པོ་ནས་གློ་བུར་དུ་བྱུང་ལ་གནས་ཚུལ་ཛ་དྲག་ཆེ་ཞིང་རྙོག་འཛིང་ལྡན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལས་ཁུངས་ཀྱིས་བསྟུད་མར་བརྡ་ཐོ་བཏང་ནས། པྲོག་གསར་གློ་ཚད་རིམས་ནད་མྱུར་སྐྱོབ་གནས་ཁེལ་སྨན་ཁང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དམངས་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་རྩ་འཛུགས་ཀྱི་དོ་དམ་བྱ་བར་བཀོད་སྒྲིག་བྱས། སྔོན་འགོག་ཚོད་འཛིན་ནི་མིག་སྔའི་ཁ་ཚ་དགོས་གཏུག་གི་ལས་དོན་ཡིན་ཞིང་། རིམས་འགོག་སྨན་ཁབ་རྒྱག་ཚད་ཇེ་མགྱོགས་སུ་གཏོང་བ་ནི་རྩ་བའི་འཐབ་ཇུས་ཡིན། རྒྱལ་ཁབ་བདེ་ཐང་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མཱ་ཞའོ་ཝེ་ཡིས་བཤད་རྒྱུར། ཐོག་མཐར་བར་གསུམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། ལྷོད་གཡེང་གི་བསམ་བློ་དང་སུན་སྣང་གི་བསམ་ཚུལ། སྟེས་དབང་གི་བསམ་ཚུལ། སྣང་མེད་ཀྱི་སེམས་ཁམས་བཟོད་སྒོམ་བྱས་ནས། མིག་སྔའི་རིམས་ནད་མཆེད་པར་མཐའ་གཅིག་ཏུ་བཀག་སྡོམ་བྱེད་པ་དང་། ཐོབ་དཀའ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཟེར།  །

1127751543_16286653441941n.jpg

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།