ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་རྗེས་ཕྱོགས་ལོ་ལྔའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་ལམ་ཐིག་རི་མོ་གཏན་ཁེལ་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར《ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལག་བསྟར་རྩ་གནད(2021-2025ལོ)》དཔར་འགྲེམ་བྱས་ཏེ་རྗེས་ཕྱོགས་ལོ་ལྔའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་སྤྱིའི་དམིགས་འབེན་གཏན་ཁེལ་བྱས། 2025ལོར་བསླེབ་དུས་སྲིད་གཞུང་གི་འགུལ་སྐྱོད་ཚང་མ་ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་འཇུག་དགོས་པར་གསར་བོར་བསྟན་ཡོད། རྩ་གནད་ཁྲོད་ནུས་ཤུགས་ཡོད་དགུས་ཁྲིམས་བསྟར་ཆུ་ཚད་ཡོངས་ཁྱབ་ངང་མཐོར་འདེགས་བྱུང་བ་མངོན་འགྱུར་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་ཁྲིམས་བསྟར་འགུལ་སྐྱོད་རེ་རེ་ཁྲོད་ནས་སྲོལ་བཟང་སྤྱོད་གཙང་མཐོང་ཐུབ་ལ། ཁྲིམས་བསྟར་ཆོད་དོན་རེ་རེ་ཁྲོད་ནས་དྲང་གཞག་དྲང་བདེན་མྱོང་ཚོར་ཐུབ་པར་འབད་བརྩོན་བྱེད་དགོས་པ་བཏོན་ཡོད།  །

1127752473_16286785910071n.jpg

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།