ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་སྲོལ་རྒྱུན་རིག་གནས་འདི་དག་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་ཚུད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་སྒྲིག   སྤེལ་དུས། : 2021-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཁབ་རིམ་པའི་འཐུས་ཚབ་རང་བཞིན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་སྐོར་ལྔ་བའི་སྲུང་སྐྱོབ་སྡེ་ཚན་སྤྱི་བསྒྲགས་བྱས་པ་དང་། བོད་ཀྱི་སྲོལ་རྒྱུག་རིག་གནས་འདི་དག་དེའི་ནང་དུ་ཚུད་ཡོད་པ་སྟེ། 


ཉེ་ཆར། རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་ཡིས《སྡེ་ཚན447རྒྱལ་ཁབ་རིམ་པའི་འཐུས་ཚབ་རང་བཞིན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་སྐོར་ལྔ་བའི་སྲུང་སྐྱོབ་སྡེ་ཚན་དུ་བཀོད་པའི་སྤྱི་བསྒྲགས》སྤེལ་བ་དང་། དེའི་ནང་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་མང་པོ་ཚུད་ཡོད། 


 མཚོ་སྔོན་ཞིང་ཆེན།  

ཚོ་སྔོན་ ཞིང ་ཆེ ན་གྱི་ རྒྱལ་ཁབ་རིམ་པའི་འཐུས་ཚབ་རང་བཞིན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྐོར་ལྔ་བའི་རྣམ་གྲངས་ཀྱི་སྲུང་སྐྱོབ་སྡེ་ཚན་དུ་ཚུད་པའི་རྣམ་གྲངས་ལ། བོད་ཀྱི་དམངས་ཁྲོད་གཏམ་རྒྱུད(གཉན་པོ་གཡུ་རྩེའི་གཏམ་རྒྱུད)དང་ཨ་རིག་རྩེད་མ། ཐང་ག གཙེགས་དྲུབ་ཐང་ག སྦྲ་ནག་བཟོ་སྟངས། བོད་སྨན། གཅན་ཚའི་མདའ་སྟོན། ཁྲི་ཀའི་དྲུག་པའི་ཀླུ་རོལ་སོགས་འདུས་ཡོད། 

ཀན་སུའུ་ཞིང་ཆེན།  

ཀན་སུའུ ་ཞིང་ཆེན་གྱི་ རྒྱལ་ཁབ་རིམ་པའི་འཐུས་ཚབ་རང་བཞིན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྐོར་ལྔ་བའི་རྣམ་གྲངས་ཀྱི་སྲུང་སྐྱོབ་སྡེ་ཚན་དུ་ཚུད་པའི་རྣམ་གྲངས་ལ།  ཀན་ལྷོའི་སྐོར་བྲོ་ད ང་ སྒྲ་སྙན་འ བྲུག་མགོ་མ།  གླང་ཆེན་ས་ ཤག ས་དང་ ཐང་ག སོགས་ ཚུད་ཡོད། 

སི་ཁྲོན་ཞིང་ཆེན།  

སི་ཁྲོན་ཞིང་ཆེན་གྱི་ རྒྱལ་ཁབ་རིམ་པའི་འཐུས་ཚབ་རང་བཞིན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྐོར་ལྔ་བའི་རྣམ་གྲངས་ཀྱི་སྲུང་སྐྱོབ་སྡེ་ཚན་དུ་ཚུད་པའི་རྣམ་གྲངས་ལ།   བོད་འགྱིག་དང་ ཐང་ག ་གཉིས་ཚུད་ཡོད། 

བོད་ལྗོངས། 

བོད་ལྗོངས་ཀྱི་ རྒྱལ་ཁབ་རིམ་པའི་འཐུས་ཚབ་རང་བཞིན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྐོར་ལྔ་བའི་རྣམ་གྲངས་ཀྱི་སྲུང་སྐྱོབ་སྡེ་ཚན་དུ་ཚུད་པའི་རྣམ་གྲངས་ལ། གོང་པོའི་སྒྲ་སྙན་དང་རབ་སྒྲེང་ཆོས་བྲོ། མགུར་གླུ། རྟ་རྒྱུགས། ཐང་ག ཤིང་བརྐོའི་ལག་རྩལ། བོད་གདན་དང་བོད་སྤོས་བཟོ་སྟངས། ཚ་ཚ་དཔར་སྟངས། སྦྲ་ནག་བཟོ་སྟངས། བོད་ཀྱི་གསོ་བ་རིག་པ་སོགས་ཚུད་ཡོད། 



གོང་གི་རྷ་གཉིས་ཨང་བཤེར་བརྒྱུད་ནས་རྒྱ ལ་ཁབ་རིམ་པའི་འཐུས་ཚབ་རང་བཞིན་ གྱི་ གཟུགས་འདས་ཤུལ་བཞག་རིག་གནས་ སྐོར་ལྔ་བའི་རྣམ་གྲངས་ཀྱི་སྲུང་སྐྱོབ་སྡེ་ཚན་དུ་བཀོད་པའི་མིང་ཐོ་ཆ་ཚང་ལ་བལྟ་ཐུབ།


རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།