ཀྲུང་གོ་བོད་ཀྱི་དྲ་བ།

དུས་ཚིགས་གཉིས་པར་དངུལ་ཁང་ལས་རིགས་དང་ཉེན་སྲུང་ལས་རིགས་ཀྱི་སྤྱིའི་རྒྱུ་ནོར་གཏན་འཇགས་ངང་འཕར་བསྣོན་བྱུང་།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན། དངུལ་ཁང་ཉེན་སྲུང་ལྟ་སྐུལ་ཞིབ་བཤེར་དོ་དམ་ཨུ་ཡོན་ལྷན་ཁང་གིས་ད་ལོའི་དུས་ཚིགས་གཉིས་པའི་དངུལ་ཁང་ལས་རིགས་དང་ཉེན་སྲུང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་རྟགས་ཚད་གཞི་གྲངས་ཁྱབ་བསྒྲགས་བྱས། གཞི་གྲངས་ལས་མངོན་པ་ལྟར་ན། དངུལ་ཁང་ལས་རིགས་དང་ཉེན་སྲུང་ལས་རིགས་ཀྱི་སྤྱིའི་རྒྱུ་ནོར་གཏན་འཇགས་ངང་འཕར། 2021ལོའི་དུས་ཚིགས་གཉིས་པའི་མཇུག་ཏུ། རང་རྒྱལ་གྱི་དངུལ་ཁང་དངུལ་རྩའི་སྡེ་ཁག་གི་ཕྱིའི་དངུལ་ལོར་རྒྱུ་ནོར་སྒོར་དུང་ཕྱུར་ཁྲི336ཡིན་ཞིང་། དུས་མཉམ་ལས8.6%འཕར། ཉེན་སྲུང་ཀུང་སིའི་སྤྱིའི་རྒྱུ་ནོར་སྒོར་དུང་ཕྱུར་ཁྲི24ཡིན་པ་དང་། དེ་ལོ་མགོོ་ལས་སྒོར་དུང་ཕྱུར16439འཕར་ཞིང་ལོ་མགོ་ལས7.4%འཕར། 

རྒྱུ་ནོར་གཏན་འཇགས་ངང་འཕར་བའི་དུས་མཚུངས་སུ། དངུལ་ཁང་ལས་རིགས་དང་ཉེན་སྲུང་ལས་རིགས་ཀྱི་དངུལ་རྩའི་ཞབས་ཞུར་ཡང་མུ་མཐུད་དུ་ཤུགས་བསྣན། དུས་ཚིགས་གཉིས་པའི་མཇུག་ཏུ། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྡེ་ཁག་གིས་ཁེ་ལས་ཆུང་བའི་བསྐྱི་དངུལ(ཁེ་ལས་ཆུང་བའི་བསྐྱི་དངུལ་དང་།སྒེར་གྱི་ཚོང་ཁང་གི་བསྐྱི་དངུལ།དེ་མིན་ཁེ་ལས་ཆུང་བའི་བསྐྱི་དངུལ་བཅས་འདུ)གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི47.6ཡིན་ཞིང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་བཟོ་སྐྲུན་བསྐྱི་དངུལ་སྒོར་དུང་ཕྱུར་ཁྲི6.5ཡིན། ལོ་སྟོད་དུ། ཉེན་སྲུང་ཀུང་སིའི་ཉེན་སྲུང་ཡོང་སྒོ་སྒོར་ཁྲི་དུང་ཕྱུར་ཁྲི2.7ཡིན་ཞིང་། དུས་མཉམ་ལས4.2%འཕར། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།