ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས9ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ125ཇེ་མང་དུ་སོང་བ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་དགུ་ཉིན་ཁྱབ་བསྒྲགས་བྱས་དོན།   ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱ་དང་ཉེར་ལྔ་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་།  དེའི་ནང་གི་སོ་གཅིག་ཕྱི་ནས་མཆེད་པའི་ནད་པ་ཡིན་ལ།   རང་ས་གནས་ཀྱི་ནད་པ་གོ་བཞི་ཡོད། ནད་རྟགས་མི་མངོན་པའི་ནད་པ་སོ་དགུ་ཡོད་པ་དང་། དེའི་ཁྲོད་ཕྱི་ནས་མཆེད་པའི་ནད་པ་སོ་གཅིག་དང་རང་ས་གནས་ཀྱི་ནད་པ་བརྒྱད་ཡོད། ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ད་ཡོད་ངོས་བཟུང་བའི་ནད་པ་ཁྱོན་བསྡོམས་སྟོང་གཅིག་དང་དྲུག་བརྒྱ་གསུམ་ཡོད། ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་བར་དུ། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཐེངས་དུང་ཕྱུར་བཅུ་བདུན་དང་བྱེ་བ་བརྒྱད་ས་ཡ་གཉིས་འབུམ་ལྔ་ཁྲི་གཉིས་སྟོང་ལྔ་བརྒྱབ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།