ཀྲུང་གོ་བོད་ཀྱི་དྲ་བ།

གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་རྒྱལ་གྱི་ཨོ་རྩལ་ལུས་རྩལ་པར་ཀྲུང་གོ་ན་གཞོན་ལྔ་བཞིའི་གཟེངས་རྟགས་སྤྲད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རང་རྒྱལ་གྱི་ན་གཞོན་ལུས་རྩལ་པའི་བྱས་རྗེས་འབུར་ཐོན་ལ་གཟེངས་བསྟོད་བྱ་ཆེད། ཚེས9ཉིན། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གོའི་བུད་མེད་ཕིང་ཕང་སྤོ་ལོའི་རུ་ཁག་དང་ཀྲུང་གོའི་སྐྱེས་པའི་ཕིང་ཕང་སྤོ་ལོའི་རུ་ཁག་གཉིས་ལ“ཀྲུང་གོའི་ན་གཞོན་ལྔ་བཞིའི་ཐུན་མོང་གཟེངས་རྟགས”སྤྲོད་རྒྱུ་དང་། དབྱང་ཆན་དང་། ཧོའུ་ཀྲི་ཧུའེ། སུན་དབྱི་ཝུན། ཝང་ཧན། ལི་ཧྥ་པིན། ཧྲིན་ལེ་ཅུན། ཅང་རེན་ཞིན། ཁྲེན་ཡུས་ཞི། ཀྲང་ཅ་ཆི། དབྱང་ཧའོ་རན། ཁྲེན་ཡུན་ཞ། ཀྲང་ལིན། ལུའུ་དབྱང། ཚུའེ་ཞའོ་ཐུང་། ཝང་ཙུང་ཡུན། ཞེ་སི་དབྱི། ཀྲང་ཡུའུ་ཧྥེ། དབྱང་ཅུན་ཞན། ཐང་མུའུ་ཧན།  ལི་པིན་ཅེ། ཁྲེན་མེང་། ཝང་ཧྲུན། ཀྲུའུ་ཞེ་དབྱིང་། ཝང་ཡིས་ལུའུ། ཧུའང་ཏུང་ཕིང་། ལུའུ་ཡུན་ཞིའུ། ཀུང་ལི་ཅའོ། ཁྲེན་ཡུའུ་ཧྥེ། ཝང་ཀྲོའུ་ཡུའུ།  ལིའུ་དབྱང། ཀྲང་ཁྲང་ཧུང་། པའོ་ཧྲན་ཅུའུ། ལི་ཝིན་ཝིན། ཙིའུ་ཅིན་ཡན། ཀོན་ཁྲིན་ཁྲིན། ཆའན་ཧུང་ཁྲན། ལིའུ་ཧྲི་དབྱིན། ཞུའུ་ཧྲི་ཞའོ། སུང་མིན་ཡ་སོགས་ན་གཞོན་ལུས་རྩལ་པ39ལ“ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས”སྤྲོད་རྒྱུ། ཕིང་ཝེ། ཧྲི་ཐིང་མའོ། ཧྲི་ཀྲི་ཡོང་། མ་ལོང་། ལུའུ་ཞོ་ཅུན། ཀྲུང་ཐེན་ཧྲི། ཚའོ་ཡོན་བཅས་ཨང་དང་པོ་ཐོབ་པའི་ལུས་རྩལ་པ་བདུན་ལ་དེ་སྔོན་འདི་གཟེངས་རྟགས་སྤྲད་ཡོད་པས་སླར་མི་སྤྲོད་པ་གཏན་འབེབས་བྱས།

གཏན་འབེབས་ནང་བསྟན་དོན། ཏག་ཏག་མཇུག་སྒྲིལ་བའི་ཨོ་ལིམ་ཕེ་ཁུ་ལུས་རྩལ་འགྲན་ཚོགས་སྐབས32པའི་ཐོག ཀྲུང་གོའི་ལུས་རྩལ་པ་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་འགྲན་སློང་ཕོད་པ་དང་བརྩོན་ལེན་ཕོད་པ། སྤྱོད་ཚུལ་ཞུམ་མེད། རྩལ་ལ་བྱང་པ། དཔའ་ངར་ཆེ་བ། ཀུན་སྤྱོད་བླ་མེད་བཅས་ཀྱི་སྙིང་སྟོབས་ཀྱིས་གསེར་གྱི་རྟགས་མ38དང་དངུལ་གྱི་རྟགས་མ32། ཟངས་ཀྱི་རྟགས་མ18བཅས་ཀྱི་འགྲན་སྡུར་གྱི་རྒྱུགས་འབྲས་དང་ཀུན་སྤྱོད་གཉིས་ཀ་ལེགས་པོར་བླངས་ཏེ། ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་རྒྱལ་གཅེས་སྤྲོ་སེམས་ཆེས་ཆེར་བསྐྱེད་ཅིང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལང་བུ་གསར་བའི་ཁྲོད་མཐུན་སྒྲིལ་འབད་འཐབ་ཀྱི་སྒུལ་ཤུགས་གལ་ཆེན་བསྣན། ལྷག་པར་དུ་རང་རྒྱལ་གྱི་ན་གཞོན་ལུས་རྩལ་པའི་རང་རྟོན་རང་སྟོབས་དང་། ཁོངས་ཡངས་ལྟ་གྲུབ། རྒྱལ་ཁ་ལེན་ཕོད་ཅིང་འབྲས་བུ་གཡུར་དུ་ཟ་བ་དེས་འཛམ་གླིང་ཡོངས་ལ་དུས་རབས་གསར་བའི་ཀྲུང་གོའི་ན་གཞོན་གྱི་སྣང་བརྙན་ལེགས་པོ་དང་སྐྱེ་སྟོབས་ངོམ་ཡོད།

གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་ན་གཞོན་ལོ་ཆུང་ཚོར་ཀྲུང་གོའི་ལུས་རྩལ་པ་ཚོར་སློབ་སྦྱོང་བྱེད་དགོས་པ་དང་། ཁོང་ཚོའི་འགན་འཁྲི་འཁུར་ཕོད་པ་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ། ཐོག་མའི་བསམ་འདུན་བརྩི་སྲུང་བྱས་ཤིང་བློ་བརྟན་འགྱུར་མེད་ངང་ལག་ལེན་མཐར་ཕྱིན་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཇེ་ཟབ་གཏོང་བ་དང་། ཁོང་ཚོའི་གསར་གཏོད་བྱེད་ཕོད་པ་དང་ཨང་དང་པོ་བརྩོན་ལེན་བྱེད་ཕོད་པའི་སྙིང་སྟོབས་སློབ་སྦྱོང་བྱས་ཏེ། གྲལ་མདུན་དུ་སྐྱོད་ནས་ཟམ་མི་ཆད་པར་ཐོལ་བརྒལ་བྱས་ནས་ནམ་ཡང་འབད་འཐབ་བྱེད་པའི་གཤིས་རྒྱུད་ལ་ཞུན་བརྡར་བྱེད་དགོས། ཁོང་ཚོའི་དཀའ་ཚེགས་ལ་མི་སྐྲག་ཅིང་འཇོན་ནུས་ལ་སྦྱོང་བརྡར་བྱེད་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ། དཀའ་སྤྱད་བརྩོན་ཞིབ་དང་ལས་དོན་ཏན་ཏིག་གིས་སྒྲུབ་ནས་ལང་ཚོར་འགྱོད་མེད་ཀྱི་བྱས་རྗེས་འཇོག་དགོས་པའི་འབོད་སྐུལ་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།