ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་དགེ་རྒན་ལས་དོན་སི་ཡི་ཀྲུང་གོའི་དགེ་རྒན་འཕེལ་རྒྱས་ཐེབས་རྩ་ཚོགས་པས2021ལོའི་ཞིང་སྡེའི་ཕུལ་བྱུང་ན་གཞོན་དགེ་རྒན་གསོ་སྐྱོང་བྱ་དགའི་འཆར་གཞི་མི་སྣ་སྐོར་གྱི་སྤྱི་བསྒྲགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་སྐབས19བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས5བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། ཏན་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་གཞུང་ལུགས་ཞིབ་བརྗོད་གལ་ཆེན་དང་། ཞིང་སྡེའི་དགེ་རྒན་དཔུང་ཁག་འཛུག་སྐྲུན་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་དོན་འཁྱོལ་བྱས་ནས། སྤུས་ཚད་མཐོ་བའི་ཞིང་སྡེའི་དགེ་རྒན་དཔུང་ཁག་སྐོར་གཅིག་གསོ་སྐྱོང་བྱེད་པར་འབད་བརྩོན་བྱེད་པ་དང་། ཞིང་སྡེའི་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད། 2021ལོར་མུ་མཐུད་དུ“ཞིང་སྡེའི་ཕུལ་བྱུང་ན་གཞོན་དགེ་རྒན་གསོ་སྐྱོང་བྱ་དགའི་འཆར་གཞི”ལག་བསྟར་བྱེད་རྒྱུ་ཡིན།

ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་འོས་སྦྱོར་དང་ཆེད་མཁས་པའི་ཞིབ་བཤེར་སོགས་ཀྱི་གོ་རིམ་བརྒྱུད། མཇུག་མཐར་གཏན་འཁེལ་བྱས་པའི2021ལོའི་ཞིང་སྡེའི་ན་གཞོན་ཕུལ་བྱུང་དགེ་རྒན་གསོ་སྐྱོང་བྱ་དགའི་འཆར་གཞི་ཁྲོད་ཚུད་པའི་དགེ་རྒན300ཡོད་ཅིང་། ད་ལྟ་སྤྱི་བསྒྲགས་བྱས་པ་ཡིན། སྤྱི་བསྒྲགས་་བྱེད་ཡུན2021ལོའི་ཟླ8པའི་ཚེས9ཉིན་ནས་ཟླ8པའི་ཚེས15ཉིན་བར་ཡིན། སྤྱི་བསྒྲགས་ཀྱི་སྐབས་སུ། གལ་ཏེ་བསམ་འཆར་མི་མཐུན་པ་ཡོད་ན། སློབ་གསོ་པུའུ་དགེ་རྒན་ལས་དོན་སི་དང་ཀྲུང་གོའི་དགེ་རྒན་འཕེལ་རྒྱས་ཐེབས་རྩ་ཚོགས་པར་འབྲེལ་གཏུག་བྱས་ཆོག  གལ་ཏེ་ལས་ཁུངས་ཀྱི་མིང་ཐོག་ནས་གནས་ཚུལ་ཞུ་གཏུག་བྱེད་ན་ལས་ཁུངས་ཀྱི་ཐམ་ག་རྒྱག་དགོས་པ་དང་། མི་སྒེར་གྱི་མིང་ཐོག་ཡིན་ན་དངོས་མིང་དང་འབྲེལ་གཏུག་ཁ་པར་འགོད་དགོས། ང་ཚོས་ཞུ་གཏུག་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་མ་ཟད། སྦ་གསང་གི་འགན་ཁུར་རྒྱུ་ཡིན།

འཕྲིན་གཏོང་ས་གནས། པེ་ཅིང་གྲོང་ཁྱེར་ཞི་ཁྲིན་ཆུས་ཞི་ཏན་ཏ་མུའུ་ཚང་སྲང་ལམ་ཨང་རྟགས35པའི་ཀྲིན་ཝང་ཧྥུའུ(ཀྲུང་གོའི་དགེ་རྒན་འཕེལ་རྒྱས་ཐེབས་རྩ་ཚོགས་པ)།

སྦྲག་སྲིད་ཨང་གྲངས100816། 

འབྲེལ་གཏུགས་ཁ་པར། 

ཀའོ་ཧྲུན་ལི།13520253318

 ལིའི་ཡུས་ཞིན། 010-66092131、17810261030 

བརྙན་སྐྱེལ། 010-66092129

 གློག་རྡུལ་ཡིག་ཟམ། lyuxin1020@moe.edu.cn

ཟུར་བཀོད། 2021ལོའི་ཞིང་སྡེའི་ཕུལ་བྱུང་ན་གཞོན་དགེ་རྒན་གསོ་སྐྱོང་བྱ་དགའི་འཆར་གཞིའི་མི་སྣའི་མིང་ཐོ།

2021ལོའི་ཞིང་སྡེའི་ཕུལ་བྱུང་ན་གཞོན་དགེ་རྒན་གསོ་སྐྱོང་བྱ་དགའི་འཆར་གཞིའི་མི་སྣའི་མིང་ཐོ།.pdf


སློབ་གསོ་པུའུ་དགེ་རྒན་ལས་དོན་སི། ཀྲུང་གོའི་དགེ་རྒན་འཕེལ་རྒྱས་ཐེབས་རྩ་ཚོགས་པ། 

2021ལོའི་ཟླ8པའི་ཚེས9ཉིན། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།