ཀྲུང་གོ་བོད་ཀྱི་དྲ་བ།

འདུར་རྒྱུག་དེ་ཅི་ལྟ་བུའི་ལུས་རྩལ་རྣམ་གྲངས་ཤིག་རེད་ཅེ་ན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ།རིག་འཛིན་ལྷ་མོ།   སྤེལ་དུས། : 2021-08-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁ་སང་ཕྱི་དྲོའི་ཆུ་ཚོད3དང་སྐར་མ30ཐོག ཏུང་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་རྟིང་རྩོད་འགྲན་སྡུར་ཁྲོད། དབྱི་ཐ་ལིའི་ལུས་རྩལ་པ་ཕཱ་འར་མི་ས་ནོ་ཡིས་གསེར་གྱི་རྟགས་མ་བླངས། ཀྲུང་གོའི་ལུས་རྩལ་པ་ལིའུ་ཧུང་གིས་ཟངས་ཀྱི་རྟགས་མ་བླངས། ཆོས་དབྱིངས་སྐྱིད་ཀྱིས་ཨང་བདུན་པ་བླངས། དབྱང་ཅ་ཡུས་ལ་སྐར་མ་གཉིས་ཀྱི་ཆད་པ་བཅད་པས་རྟགས་མ་ཤོར་ནས་ཨང་བཅུ་གཉིས་པ་ཐོབ།

2006ལོའི་ཟླ9བར། ཆོས་དབྱིངས་སྐྱིད་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭར་ཕྱིན་པ་དང་། འབྲིང་རྒྱུག་དང་རྒྱང་རྒྱུག་གི་རྣམ་གྲངས་སྦྱོང་བརྡར་བྱས། 2008ལོའི་ཟླ9བར། མཚོ་སྔོན་ཞིང་ཆེན་ལུས་རྩལ་བྱ་བའི་རུ་ཆེན་དང་པོར་ཕྱིན་པ་དང་འདུར་རྒྱུག་གི་རྣམ་གྲངས་ལ་སྦྱོང་བརྡར་བྱས། འོན་ཀྱང་འདུར་རྒྱུག་དེ་འབྲིང་རྒྱུག་རྒྱང་རྒྱུག་དང་གཏན་ནས་མི་མཚུངས། 

དེས་ན་འདུར་རྒྱུག་ཅེས་པའི་ལུས་རྩལ་འདི་དོན་ངོ་མ་ཅི་འདྲ་ཞིག་རེད་ཅེ་ན།

འདུར་རྒྱུག་འགྲན་སྡུར་དེ་ཆེས་ཐོག་མར་གོམ་འགྲོ་ལས་བྱུང་བ་ཞིག་ཡིན་ཏེ། རྐང་པ་གཉིས་མཚམས་མ་ཆད་པར་ས་ངོས་ལ་འཕྲད་དགོས་ཤིང་། སྐབས་གང་དུའང་རྐང་པ་གཉིས་མཉམ་དུ་ས་ངོས་ལས་འབྲལ་མི་རུང་བའི་ལུས་རྩལ་རྣམ་གྲངས་ཞིག་རེད། འདུར་རྒྱུག་གི་སྒྲིག་ལམ་གཙོ་བོ་ནི། འདུར་རྒྱུག་ལུས་རྩལ་པ་འདུར་རྒྱུག་བྱེད་པའི་སྐབས་སུ་ངེས་པར་དུ་རྐང་པ་གཅིག་ས་ངོས་སུ་ཕྲད་དགོས་ཤིང་། རྐང་པ་གཅིག་མདུན་དུ་སྤོས་ནས་ས་ངོས་དང་དྲང་འཕྱང་ཡིན་རག་བར་རྐང་བ་དྲང་མོར་བྱས་ནས་པུས་མོ་བཀུག་མི་ཆོག

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།