ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་ལྔ་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱ་དང་ཉེར་བཞི་ཇེ་མང་དུ་སོང་བ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་དྲུག་ཉིན་ཁྱབ་བསྒྲགས་བྱས་དོན།   ཚེས་ལྔ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱ་དང་ཉེར་བཞི་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་།  དེའི་ནང་གི་ཞེ་བཞི་ཕྱི་ནས་མཆེད་པའི་ནད་པ་ཡིན་ལ།   ཡུན་ནན་ནས་ནད་པ་བཅུ་དང་ཀོང་ཏུང་ནས་ནད་པ་བཅུ་གསུམ། ཐེན་ཅིན་དུ་ནད་པ་གཅིག ཧྲང་ཧེ་ནས་ནད་པ་བརྒྱད། ཧྲན་ཏུང་ནས་ནད་པ་བརྒྱད།   ཧྲན་ཞི་ནས་ནད་པ་གཉིས།   སི་ཁྲོན་ནས་ནད་པ་གཉིས་བཅས་བྱུང་། རང་ས་གནས་ཀྱི་ནད་པ་བརྒྱད་ཅུ་ཡོད།

ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ་སོ་དགུ་སྨན་ཁང་ནས་ཕྱིར་བུད་པ་དང་། འབྲེལ་འདྲིས་མཁན་མི་དགུ་བརྒྱ་དང་ཞེ་དྲུག་ལ་གསོ་རིག་ཐད་ནས་བརྟག་དཔྱད་བྱས་རྗེས་རིམས་ནད་འགོས་མེད་པར་ཐག་བཅད་ཅིང་། ནད་པ་ལྗིད་མོའི་གྲངས་ཀ་ཉིན་སྔོན་མ་དང་བསྡུར་ན་ནད་པ་བརྒྱད་ཀྱིས་ཇེ་མང་ལ་སོང་།

ད་ལྟ་ཕྱི་ནས་མཆེད་པའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བདུན་བརྒྱ་དང་བཅོ་བརྒྱད་ཡོད་ལ།  བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་བདུན་དང་ལྔ་བརྒྱ་གོ་དྲུག་ཡོད་པ་དང་།  དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་བསྡོམས་པས་སྟོང་དྲུག་དང་བརྒྱད་བརྒྱ་དོན་བརྒྱད་ལ་སླེབས་པ་དང་རྐྱེན་ལམ་དུ་ཤོར་བ་གཅིག་ཀྱང་མེད།

ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་ཁྲི་གཉིས་དང་སྟོང་བདུན་བརྒྱད་བརྒྱ་བཅོ་བརྒྱད་ཡར་ཞུ་བྱས་ཤིང་དེའི་ནང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཁྲི་གཅིག་དང་སྟོང་གཉིས་དང་གཉིས་ཡོད་པ་དང་། ནད་པ་ཁྲི་གཅིག་དང་སྟོང་གཅིག་བདུན་བརྒྱ་ཉེར་གཅིག་སྨན་ཁང་ནས་ཕྱིར་བུད་པ། ནད་པ་ཉིས་བརྒྱ་དང་བཅུ་གཉིས་རྐྱེན་ལམ་དུ་ཤོར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་རེ་གསུམ་ཡོད་པ་དང་། ནད་པ་ང་དྲུག་སྨན་ཁང་ནས་ཕྱིར་བུད། ཐེ་ཝན་ས་ཁུལ་དུ་ནད་པ་ཁྲི་གཅིག་དང་སྟོང་ལྔ་བདུན་བརྒྱ་དང་ང་གསུམ་ཡོད་པ་དང་ནད་པ་ཁྲི་གཅིག་དང་སྟོང་གསུམ་དང་གཅིག་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བདུན་བརྒྱ་དང་གོ་གཅིག་རྐྱེན་ལམ་དུ་ཤོར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།