ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པྲོག་གསར་རིམས་འགོག་སྨན་ཁབ་མཉམ་ལས་རྒྱལ་སྤྱིའི་གླེང་སྟེགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཡིག་ཐོག་གི་ཤིས་ཚིག་ཕུལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པྲོག་གསར་རིམས་འགོག་སྨན་ཁབ་མཉམ་ལས་རྒྱལ་སྤྱིའི་གླེང་སྟེགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཡིག་ཐོག་གི་ཤིས་ཚིག་ཕུལ། 

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཟླ5པར། ངས་འཛམ་གླིང་གི་བདེ་ཐང་དབུ་ཚོགས་སྟེང་ཀྲུང་གོས་འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་སྒོས་རིམས་ནད་འགོག་པར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་ལྔ་ཁྱབ་བསྒྲགས་བྱས་པ་དང་། དེ་ནང་པྲོག་གསར་རིམས་འགོག་སྨན་ཁབ་མཉམ་ལས་རྒྱལ་སྤྱིའི་གླེང་སྟེགས་འཛུགས་པའི་གྲོས་གཞི་ཡོད་ལ། རིམས་འགོག་སྨན་ཁབ་ཐོན་སྐྱེད་དང་ཞིབ་བཟོ་བྱེད་པའི་རྒྱལ་ཁབ་དང་ཁེ་ལས། ཁེ་ཕན་ཡོད་པའི་ཕྱོགས་དང་མཉམ་དུ་འཛམ་གླིང་གི་རིམས་འགོག་སྨན་ཁབ་ལུགས་མཐུན་དྲང་གཞག་ངང་བགོ་བཤའ་རྒྱག་པར་སྐུལ་འདེད་གཏོང་བའི་ཐད་གྲོས་བསྡུར་བྱས། མིག་སྔར། རིམས་ནད་སླར་ཡང་བྱུང་བ་དང་ནད་དུག་ཀྱང་གཞན་འགྱུར་བྱུང་བཞིན་ཡོད། ངའི་ཐེངས་འདིའི་གླེགས་སྟེགས་ཚོགས་འདུའི་སྟེང་འཛམ་གླིང་གི་རིམས་འགོག་སྨན་ཁབ་དྲང་གཞག་ངང་འཛམ་གླིང་ཡོངས་ལ་ཁྱབ་པར་གོམ་སྟབས་གསར་བ་སྤོས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྣན་ཏེ། མིའི་རིགས་ཀྱིས་སྔ་མོ་ནས་རིམས་ནད་ལས་རྣམ་པར་རྒྱལ་བར་བྱས་རྒྱས་འཇོག་པར་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་དང་ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་མཁོ་འདོན་དང་མཉམ་ལས་ཐོན་སྐྱེད་ཧུར་ཐག་བྱེད་བཞིན་ཡོད། འདི་ནི་རིམས་འགོག་སྨན་ཁབ་དེ་འཛམ་གླིང་གི་སྤྱི་པའི་ཐོན་རྫས་ཡིན་པའི་དགོས་ངེས་ཀྱི་ལས་འགན་ཡིན།  ཀྲུང་གོའི་མུ་མཐུད་དུ་ནུས་བ་ཡོད་ཚད་ཀྱིས་རྒྱ་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་ནད་འགོག་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ད་ལོའི་ལོ་ཧྲིལ་བོར།  ཀྲུང་གོའི་ཧུར་ཐག་གིས་འཛམ་གླིང་ཡོངས་ལ་རིམས་འགོག་སྨན་ཁབ་དུང་ཕྱུར20མཁོ་འདོན་བྱེད་པར་འབད་བརྩོན་བྱ་རྒྱུ་ཡིན།  ཀྲུང་གོས་པྲོག་གསར་རིམས་འགོག་སྨན་ཁབ་ལག་བསྟར་འཆར་གཞི་ཐད་ལ་ཨ་སྒོར་དུང་ཕྱུར1ལེགས་སྐྱེས་སུ་འབུལ་བར་གཏན་ཁེལ་བྱས་ཏེ། དེས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་བགོ་བཤའ་རྒྱག་པའི་ཐད་ལ་བཀོད་སྤྱོད་བྱ་རྒྱུ་ཡིན།  ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རིམས་འགོག་སྨན་ཁབ་རྒྱལ་སྤྱིའི་མཉམ་ལས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།   །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།