ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་འཇར་ཁོའི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུར་ཞུགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་བརྙན་ལམ་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་འཇར་ཁོ(10+3)ཡི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུར་ཞུགས།

ཝང་དབྱི་ཡིས་བསྟན་དོན། 10+3རྒྱལ་ཁབ་ནི་ཨེ་ཤེ་ཡ་ཤར་མའི་མཉམ་ལས་ཀྱི་རྐང་འཛིན་སྟོབས་ཤུགས་ཡིན། ང་ཚོས་སང་ལོའི10+3མཉམ་ལས་ཀྱི་ལོ་འཁོར25གོ་སྐབས་སུ་བྱས་ནས། 《10+3མཉམ་ལས་ལས་དོན་གྱི་འཆར་གཞི(2023—2027)》བཟོ་བ་དང་འབྱུང་འགྱུར་གྱི་མཉམ་ལས་ལམ་རིས་འཆར་འགོད་བྱས་ཏེ། ཨེ་ཤེ་ཡ་ཤར་མའི་གཅིག་མཐུན་འདུས་གྲུབ་ཀྱི་དམིགས་ཚད་ལ་ཞབས་འདེགས་ཞུ་དགོས།

གཅིག ཨེ་ཤེ་ཡ་ཤར་མའི་རིམས་འགོག་སྲུང་ཡོལ་བསྐྲུན་དགོས། ཀྲུང་གོས་ད་བར་དུ་ཕྱི་ཕྱོགས་ལ་རིམས་འགོག་སྨན་ཁབ་དུང་ཕྱུར7.5ལྷག་མཁོ་སྤྲོད་བྱས་པ་དང་། མ་འོངས་པའི་ཟླ་བ4ཡི་རིང“པྲོག་གསར་རིམས་འགོག་སྨན་ཁབ་ལག་བསྟར་འཆར་གཞི”ཡིས་མུ་མཐུད་རིམས་འགོག་སྨན་ཁབ་དུང་ཕྱུར1.1མཁོ་འདོན་བྱ་རྒྱུ་དང་། སླད་ཕྱིན་གྱི་ལོ་གསུམ་ནང་ད་དུང་རྒྱལ་སྤྱིའི་རོགས་སྐྱོར་ཨ་སྒོར་དུང་ཕྱུར30མཁོ་འདོན་བྱ་རྒྱུ་ཡིན།

གཉིས། ཨེ་ཤ་ཡ་ཤར་མའི་དཔལ་འབྱོར་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས། ས་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་སྔ་མོ་ནས་ཕན་ནུས་ལྡན་པར་ལག་བསྟར་བྱ་རྒྱུའི་བརྩོན་ལེན་བྱས་ཏེ། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས། 

གསུམ། ཨེ་ཤ་ཡ་ཤར་མའི་སྤོ་སྒྱུར་འཕེལ་རྒྱས་མཉམ་སྤེལ་བྱེད་དགོས། ས་ཁོངས་ཀྱི་གྲངས་འཛིན་རིགས་སྒྱུར་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས་ཨེ་ཤེ་ཡ་ཤར་མའི་རྒྱལ་ཁབ་ཀྱི་ཁྲོམ་རའི་གཞི་ཁྱོན་གྱི་ལེགས་ཆ་ལེགས་པར་སྤྱད་དེ། མིས་བཟོས་རིག་ནུས་དང་གྲངས་འཛིན་དཔལ་འབྱོར་སོགས་དངོས་སྒྲུབ་མཉམ་ལས་ཤུགས་ཆེར་གཏོང་དགོས། 

བཞི། ཨེ་ཤ་ཡ་ཤར་མའི་རིན་ཐང་གི་རྨང་གཞི་བསྐྲུན་དགོས། ཐུན་མོང་ཐོག་ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དོན་གཉེར་བྱེད་དགོས། 

འཇར་པན་དང་ཁོ་རེ་ཡ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་པུའུ་ཀྲང་གིས10+3མཉམ་ལས་ཀྱིས་བླངས་པའི་གྲུབ་འབྲས་འབུར་ཐོན་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་མགྲིན་གཅིག་ཏུ་མོས་མཐུན་བྱས། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་མཐའ་འཁྱོངས་བྱེད་འོས་པར་ཐུན་མོང་མོས་མཐུན་བྱུང་། གྲངས་གཞིའི་དཔལ་འབྱོར་དང་གནམ་གཤིས་འགྱུར་ལྡོག་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་དང་། ས་ཁུལ་གྱི་ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་ཐུན་མོང་གིས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།