ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡི་ཛ་དྲག་གི་བརྡ་ཐོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སློབ་གསོ་པུའུ་ཡིས་ཛ་དྲག་བརྡ་ཐོ་པར་འགྲེམས་བྱས་ནས། མིག་སྔའི་སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནན་ཏན་ངང་ལེགས་པར་བསྒྲུབ་པར་བཀོད་སྒྲིག་བྱས། 

བརྡ་ཐོའི་ནང་ས་གནས་ཁག་གི་སློབ་གསོའི་སྡེ་ཁག་གིས་རིམས་ནད་ཀྱི་འཕྲལ་བསྟུན་ལམ་སྲོལ་འཕྲལ་དུ་ལག་བསྟར་བྱེད་དགོས་པས། སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་འཕྲལ་བསྟུན་བཀོད་འདོམས་མ་ལག་སྐུལ་སློང་བྱས་ཏེ། སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱེད་པ་དང་། 《2021ལོའི་དབྱར་ཁའི་གུང་གསེང་སྐབས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལེགས་པར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ》དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་། བཀོད་སྒྲིག་བཀོད་གཏོང་དང་། མཉམ་འགོག་མཉམ་བཅོས། ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བཅས་བྱེད་ཤུགས་ཆེ་རུ་བཏང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མགོ་ཁྲིད་སྒྲིག་སྲོལ་དང་། འཕྲལ་བསྟུན་ལམ་སྲོལ། བཀོད་འདོམས་མ་ལག་བཅས་ཕན་ནུས་ཆེ་བའི་ངང་འཁོར་སྐྱོད་ཐུབ་པར་ནན་ཏན་གྱིས་འགན་ལེན་བྱེད་དགོས་པར་བསྟན།  

བརྡ་ཐོའི་ནང་ས་གནས་ཁག་གི་སློབ་གསོའི་སྡེ་ཁག་གིས་རིམས་འགོག་སྨན་ཁབ་རྒྱག་པར་སྐུལ་འདེད་བཏང་ནས། ཚད་མཐོའི་མཐོང་ཆེན་དང་རྩ་དོན་མཐའ་འཁྱོངས་སྒོས་ས་གནས་དེ་གའི་འཕྲོད་བསྟེན་བདེ་ཐང་དང་རིམས་ནད་ཚོད་འཛིན་སྡེ་ཁག་ལ་གཞོགས་འདེགས་ཀྱིས་སློབ་གྲྭར་ཐབས་ལམ་མང་པོ་དང་རྣམ་པ་མང་པོའི་ཐོག་ནས་འབྲེལ་གཏུག་གསལ་བཤད་དང་དྲིལ་བསྒྲགས་སློབ་གསོ་ཡག་པོ་རྒྱག་པར་མཛུབ་ཁྲིད་བྱས་ཏེ། ཁྱིམ་བདག་གིས་སྔོན་ལ་འགོག་སྨན་ཁབ་རྒྱག་པར་ངོས་འཛིན་དང་ངེས་ཤེས་ཐོབ་ཚད་མཐོ་རུ་གཏོང་དགོས། ལྟ་སྐྱོང་པ་དང་སློབ་མས་གནས་ཚུལ་ཤེས་རྟོགས་དང་མོས་མཐུན། རང་མོས་བཅས་ཡིན་པའི་སྔོན་འགྲོའི་ཆ་རྐྱེན་འོག་ས་གནས་དེ་གའི་རིམས་འགོག་སྨན་ཁབ་རྒྱག་པའི་བྱ་བའི་བླང་བྱ་གཞིར་བཟུང་གོ་རིམ་ལྡན་པ་དང་བརྟན་འཇགས་སྒོས་གཞོགས་འདེགས་བྱས་ཏེ། ལོ18མན་གྱི་ཆ་རྐྱེན་དང་མཐུན་པའི་སློབ་མར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན།

བརྡ་ཐོའི་ནང་རིམས་ནད་དང་འབྲེལ་བ་ཡོད་པའི་ཞིང་ཆེན་སློབ་གསོའི་སྡེ་ཁག་གིས་ཆ་འཕྲིན་ཉིན་རེར་ཡར་ཞུ་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། ཆེད་མི་དམིགས་འཛུགས་ཀྱིས་འགན་འཁུར་དུ་བཅུག་ནས། ཉིན་རེར་ས་གནས་དེ་གའི་རིམས་ནད་ཀྱི་ཆ་འཕྲིན་དུས་ཐོག་ཏུ་བསྐྱེལ་དགོས་པར་ནན་གྱིས་བསྟན། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།