ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་འཆར་འགོད་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་འཆར་འགོད་འགྲེམ་སྤེལ་བྱས་ཏེ། ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ་དམངས་ཡོངས་ཀྱི་ལུས་སྦྱོང་ཆུ་ཚད་སྔར་ལས་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་ཀྱི་ལུས་སྦྱོང་དང་བདེ་ཐང་དགོས་མཁོ་སྐོང་བའི་ཐད་ལ་བཀོད་སྒྲིག་བྱས།

འཆར་འགོད་ལས་ཉིས་སྟོང་ཉེར་ལྔ་ལོའི་བར་དུ་དམངས་ཡོངས་ཀྱི་ལུས་སྦྱོང་སྤྱི་ཐུན་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ལུས་རྩལ་ལུས་སྦྱོང་སྔར་ལས་སྟབས་བདེ་རུ་གཏོང་བར་མ་ཟད། ལུས་སྦྱོང་སྤྲོ་སེམས་སྔར་ལས་ཇེ་ཆེར་གཏོང་བ་དང་།  འགུལ་སྐྱོད་ལས་གཞི་སྣ་ཚོགས་ཁྲོད་དུ་ཞུགས་པའི་མི་གྲངས་རྒྱུན་མཐུད་སྒོས་མཐོར་འདེགས་བཏང་ནས། རྒྱུན་དུ་ལུས་རྩལ་སྦྱོང་བརྡར་ལ་ཞུགས་པའི་མི་གྲངས་ཀྱི་བསྡུར་ཚད་བརྒྱ་ཆའི་སོ་བརྒྱད་ལྷག་ལ་བསླེབ་ཏུ་་འཇུག་པ་དང་། རྫོང་དང་གྲོང་ཁྱེར། ཆུས། ཞང་དང་གྲོང་བརྡལ། སྲིད་འཛིན་སྡེ་བ་དང་སྡེ་ཁུལ་བཅས་རིམ་པ་གསུམ་གྱི་སྤྱི་ཐུན་ལུས་སྦྱོང་སྒྲིག་ཆས་དང་སྡེ་ཁུལ་དུ་སྐར་མ་བཅོ་ལྔའི་ལུས་སྦྱོང་བྱེད་སྤྱད་ཡོངས་སུ་ཁེབས་པར་བྱེད་པ་དང་། མི་ཆིག་སྟོང་རེ་ལ་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་པ་གཉིས་དང་གྲངས་ཆུང་གཅིག་དྲུག་ཡོད་དགོས་པར་མ་ཟད་རྒྱལ་ཡོངས་ཀྱི་ལུས་རྩལ་ཐོན་ལས་སྤྱིའི་གཞི་ཁྱོན་ཐད་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ཁྲི་ལྔ་ལ་བསླེབ་ཏུ་འཇུག་རྒྱུ་གཏན་འཁེལ་གསལ་བོ་བྱས་ཡོད།

འཆར་འགོད་ནང་དུ་དམངས་ཡོངས་ཀྱི་ལུས་སྦྱོང་ར་བའི་སྒྲིག་ཆས་འདོན་སྤྲོད་བྱེད་པ་དང་དམངས་ཡོངས་ཀྱི་ལུས་སྦྱོང་འགྲན་བསྡུར་བྱ་འགུལ་རྒྱ་ཆེར་སྤེལ་བ། ཚན་རིག་དང་མཐུན་པར་ལུས་སྦྱོང་མཛུབ་སྟོན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་སོགས་ཕྱོགས་བརྒྱད་ཀྱི་ལས་འགན་གཙོ་བོ་བཏོན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།