ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བཅུ་ལ་རིམས་འགོག་སྨན་ཁབ་དུང་ཕྱུར1.9ལྷག་ཙམ་མཁོ་འདོན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ8པའི་ཚེས3ཉིན། རྒྱལ་དོན་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ(10+1)གྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུར་ཞུགས་སྐབས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དེ་ནད་འགོག་མཉམ་ལས་ཀྱི་རོགས་ཟླ་ཨང་དང་པོར་བརྩིས་ཡོད་པ་དང་། ད་ལྟའི་བར་དུ།  ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བཅུ་ལ་པྲོག་གསར་རིམས་འགོག་སྨན་ཁབ་དུང་ཕྱུར1.9ལྷག་ཙམ་མཁོ་འདོན་བྱས་པར་མ་ཟད། དགོས་མཁོ་ཆེ་བའི་རིམས་ནད་འགོག་བཅོས་དངོས་ཟོག་འབོར་ཆེན་གྱིས་ཀྱང་རོགས་སྐྱོར་བྱས་ཡོད།  ཕྱོགས་གཉིས་པོས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་སྤྱི་པའི་འཕྲོད་བསྟེན་མཉམ་ལས་ཀྱི་གྲོས་འགོ་བཏོན་ནས། “ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རིམས་འགོག་སྨན་ཁབ་ཀྱི་གྲོགས་པོ”ཞེས་པའི་ལས་སྟེགས་འཐུས་ཚང་དུ་བཏང་སྟེ། རིམས་འགོག་སྨན་ཁབ་ཀྱི་སྲིད་ཇུས་འབྲེལ་གཏུག་དང་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་བཏང་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།