ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་བའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་བྱ་བའི་སྐོར་གྱི་བསམ་འཆར་དངོས་སུ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིག་སྔར། ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་བའི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་བྱ་བའི་སྐོར་གྱི་བསམ་འཆར་དངོས་སུ་འགྲེམ་སྤེལ་བྱས།

བསམ་འཆར་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་འོག རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་པ་དང་། ཁྲིམས་ལྟར་ལྷག་བསམ་རྣམ་དག་སྒོས་བཅའ་ཁྲིམས་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ཐད་ལ་བྱས་རྗེས་བཞག འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་ཞུགས་སྐབས། མི་དམངས་མང་ཚོགས་ཀྱིས་དམངས་གཙོ་དང་ཁྲིམས་སྐྱོང་། འདྲ་མཉམ། དྲང་བཞག བདེ་འཇགས། ཁོར་ཡུག་སོགས་ཕྱོགས་ཀྱི་དགོས་མཁོ་གསར་བ་དང་བསྡུར་ན། བཅའ་ཁྲིམས་བཀོལ་སྤྱོད་དང་ལག་བསྟར་བྱེད་རྒྱུ་དེ་སྔར་བཞིན་ཁ་གསབ་བྱེད་དགོས་པའི་ཞན་ཆའི་ཐད་ལ་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་འགན་ནུས་འདོན་སྤེལ་བྱས་པ་མི་འདང་ཟེར།

 བསམ་འཆར་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གཅིག བཅའ་ཁྲིམས་ལྟ་སྐུལ་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱོན་ཡོངས་ལ་ཞབས་ཞུ་བསྒྲུབ་པ་དང་། མི་དམངས་ཀྱི་དོན་དུ་ཁྲིམས་སྐྱོང་དགོས། བློ་ཐག་རྦད་ཆོད་སྒོས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་སྲུང་སྐྱོབ་བྱེད་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་སྲུང་བྱེད་པར་ཞབས་ཞུ་བསྒྲུབ་དགོས། དམངས་ཚིས་ཁྲིམས་འཛིན་འགན་སྲུང་ལ་ཤུགས་སྣོན་པ་དང་ཧུར་ཐག་སྒོས་སྤྱི་ཚོགས་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། གཉིས། བཅའ་ཁྲིམས་ལྟ་སྐུལ་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་ནས་ཁྲིམས་འཛིན་དྲང་བདེན་སྲུང་སྐྱོབ་བྱེད་དགོས། གསུམ། ནུས་བ་ལྡན་པའི་ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཁྲིམས་འཛིན་འགན་འཁྲི་ལམ་ལུགས་ཁྱོན་ཡོངས་ནས་དངོས་འབེབས་བྱེད་དགོས། བཞི། ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་བྱ་བའི་རྩ་འཛུགས་འགན་སྲུང་ལ་སྣོན་དགོས། ཏང་གིས་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་བྱ་བར་མགོ་ཁྲིད་པ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་བྱ་བའི་ལྟ་སྐུལ་ཚོད་འཛིན་ལ་ཤུགས་སྣོན་དགོས། ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་བྱ་བའི་རྒྱབ་སྐྱོར་འགན་སྲུང་ལ་ཤུགས་སྣོན་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།