ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧོ་ནན་ཀྲིན་ཀྲོའུ“7·20”དྲག་ཆར་གནོད་སྐྱོན་ཚབས་ཆེན་གྱི་བརྟག་དཔྱད་ཚོ་ཆུང་བཙུགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཟླ7པའི་ཚེས17ཉིན་ནས་བཟུང་། ཧོ་ནན་ཞིང་ཆེན་ལ་དྲག་ཆར་བབས་ཅིང་། ལྷག་པར་དུ་ཟླ7པའི་ཚེས20ཉིན་ཀྲིན་ཀྲོའུ་གྲོང་ཁྱེར་ལ་ཧ་ཅང་ཆེ་བའི་དྲག་ཆར་བབས་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཀྱི་གནོད་འཚེ་ཆེན་པོ་ཐེབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲུབ་འགོག་རྒུད་སྐྱོབ་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཁེ་ཆང་སོགས་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱི་ཆོག་མཆན་དང་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱེ་ཆེད། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྟག་དཔྱད་ཚོ་ཆུང་བཙུགས་ཏེ། འཕྲལ་བསྟུན་དོ་དམ་པུའུ་ཡིས་སྣེ་ཁྲིད་ཅིང་འབྲེལ་ཡོད་ཕྱོགས་སོ་སོ་ནང་དུ་ཞུགས་པའི་ཧོ་ནན་ཀྲིན་ཀྲོའུ“7·20”དྲག་ཆར་གནོད་སྐྱོན་ཚབས་ཆེན་ལ་བརྟག་དཔྱད་བྱ་རྒྱུ་ཐག་བཅད། བརྟག་དཔྱད་ཚོ་ཆུང་གིས་ཆེད་མཁས་པ་གདན་དྲངས་ནས་བརྟག་དཔྱད་བྱ་བར་ལག་རྩལ་གྱི་འདེགས་སྐྱོར་བྱ་རྒྱུ་རེད། 

བརྟག་དཔྱད་ཚོ་ཆུང་གིས་བཅའ་ཁྲིམས་ལྟར་སྒྲིག་སྲོལ་དང་དངོས་ཐོག་བདེན་འཚོལ། ཚན་མཐུན་གཟབ་ནན། ཁྱོན་ཡོངས་དངོས་ཡོད་བཅས་ཀྱི་སྒོ་ནས་གནོད་སྐྱོན་ལ་ཁ་གཏད་པའི་གོ་རིམ་ལ་ལ་བརྟག་དཔྱད་གདེངས་འཇོག་དང་། གནོད་སྐྱོན་ལ་ཁ་གཏད་འཇལ་པའི་ཉམས་མྱོང་བསླབ་བྱ་ལ་ཕྱོགས་སྡོམ་བྱས་ནས། གནོད་འགོག་རྒུད་སེལ་གྱི་ལེགས་བཅོས་བྱ་ཐབས་འདོན་པ་དང་། ད་ཡོད་ཀྱི་འགན་ཤོར་ལས་ཤོར་གྱི་སྤྱོད་པར་སྒྲིག་ཁྲིམས་ལྟར་འགན་འཁྲི་བདའ་འདེད་བྱེ་རྒྱུ་རེད།   །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།