ཀྲུང་གོ་བོད་ཀྱི་དྲ་བ།

ཀྲིན་ཀྲོའུ་གྲོང་ཁྱེར་གྱིས་མགྱོགས་མྱུར་ངང་ཉིང་སྐྱུར་བརྟག་དཔྱད་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ8པའི་ཚེས2ཉིན་ཀྲིན་ཀྲོའུ་གྲོང་ཁྱེར་ཅིན་ཧྲེ་ཆུས་ཀྱི་ཉིང་སྐྱུར་བརྟག་དཔྱད་ས་ཚུགས་ཞིག་ཏུ་སྨན་བཅོས་མི་སྣས་གྲོང་མིར་ཉིང་སྐྱུར་བརྟག་དཔྱད་ཀྱི་མ་དཔེ་ལེན་བཞིན་པའི་ཚུལ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲིན་ཀྲོའུ་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་མགོ་ཁྲིད་ཚན་ཆུང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ7པའི་ཚེས30ཉིན་ཀྲིན་ཀྲོའུ་གྲོང་ཁྱེར་ཨེར་ཆི་ཆུས་སུ་ནད་རྟགས་མེད་པའི་ནད་པ་ཐོག་མ་བྱུང་བ་ནས་བཟུང་། ཟླ8པའི་ཚེས2ཉིན་གྱི་ཆུ་ཚོད18པ་བར་དུ། ཐེངས་འདིའི་རིམས་ནད་ཀྱིས་ཀྲིན་ཀྲོའུ་གྲོང་ཁྱེར་ལ་གསར་བྱུང་ནད་པ13དང་ནད་རྟགས་མེད་པའི་ནད་པ50ཐོན་ཡོད། 

མིག་སྔར། ཀྲིན་ཀྲོའུ་གྲོང་ཁྱེར་གྱིས་མགྱོགས་མྱུར་སྒོས་གྲོང་མི་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།