ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སྟོད་ལ་རྒྱལ་ནང་གི་ཡུལ་སྐོར་སྤྱིའི་མི་ཐེངས་དུང་ཕྱུར18.71ལ་སླེབས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ7པའི་ཚེས30ཉིན་རིག་གནས་དང་ཡུལ་སྐོར་པུའུ་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ནང་ཡུལ་སྐོར་གྱི་དཔེ་འཐེན་བརྟག་བཤེར་མཇུག་འབྲས་ལ་གཞིགས་ན། ད་ལོའི་ལོ་སྟོད་ལ། རྒྱལ་ནང་གི་ཡུལ་སྐོར་སྤྱིའི་མི་ཐེངས་དུང་ཕྱུར18.71ལ་སླེབས་པ་དང་ལོ་སྔོན་མའི་དུས་མཉམ་ལས100.8%(2019ལོའི་དུས་མཉམ་གྱི60.9%ལ་སླར་གསོ་བྱུང་བ)འཕར་ཡོད། དེའི་ནང་། གྲོང་རྡལ་སྡོད་དམངས་ཀྱི་ཡུལ་སྐོར་མི་ཐེངས་དུང་ཕྱུར13.08ལ་སླེབས་པ་དང91.5%འཕར་ཡོད། ཞིང་སྡེའི་སྡོད་དམངས་ཀྱི་ཡུལ་སྐོར་སྤྱིའི་མི་ཐེངས་དུང་ཕྱུར5.63དང126.1%འཕར་ཡོད།

དུས་ཚིགས་ལྟར་དབྱེ་ན། ན་ནིང་གི་གཞི་གྲངས་ཀྱི་ཤུགས་རྐྱེན་ལས་རྒྱལ་ནང་གི་ཡུལ་སྐོར་སྤྱིའི་མི་ཐེངས་འཕར་ཚད་དལ་ལ། དེའི་ནང་དུས་ཚིགས་དང་པོར་རྒྱལ་ནང་གི་ཡུལ་སྐོར་སྤྱིའི་མི་ཐེངས་དུང་ཕྱུར10.24དང་དུས་མཉམ་ལས247.1%འཕར་ཡོད། དུས་ཚིགས་གཉིས་པར་རྒྱལ་ནང་གི་ཡུལ་སྐོར་སྤྱིའི་མི་ཐེངས་དུང་ཕྱུར8.47དང་དུས་མཉམ་ལས33.0%འཕར་ཡོད།

ད་ལོའི་ལོ་སྟོད་ལ། རྒྱལ་ནང་ཡུལ་སྐོར་ཡོང་འབབ(ཡུལ་སྐོར་སྤྱིའི་འཛད་སྤྱོད)སྒོར་དུང་ཕྱུར་ཁྲི1.63དང་ན་ནིང་གི་དུས་མཉམ་ལས157.9%(2019ལོའི་དུས་མཉམ་གྱི58.6%ལ་སླར་གསོ་བྱུང་བའཕར་ཡོད། དེའི་ནང་གྲོང་རྡལ་སྡོད་དམངས་ཀྱི་ཡུལ་སྐོར་འཛད་སྤྱོད་སྒོར་དུང་ཕྱུར་ཁྲི1.29དང་འཕར་ཚད149.8%ལ་སླེབས། ཞིང་སྡེའི་སྡོད་དམངས་ཀྱི་ཡུལ་སྐོར་འཛད་སྤྱོད་སྒོར་དུང་ཕྱུར་ཁྲི0.34དང་འཕར་ཚད193.9%ལ་སླེབས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།