ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སྟོད་ལ་གཟིགས་སྐྱོང་འབོར་ཆུང་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི2.65འཕར་བ་དང་ལྗང་མདོག་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི1.87འཕར་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི2021ལོའི་དུས་ཚིགས་གཉིས་པའི་དངུལ་རྩའི་ལས་ཁུངས་ཀྱི་དངུལ་བུན་གཏོང་ཕྱོགས་ཀྱི་བསྡོམས་རྩིས་སྙན་ཞུ་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་གཉིས་པའི་མཇུག་ཏུ། རང་རྒྱལ་གྱི་གཟིགས་སྐྱོང་འབོར་ཆུང་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི17.74ཡོད་པ་དང་དུས་མཉམ་ལས31%ཡོད་པ་དང་། འཕར་ཚད་ཀྱི་བསྡུར་གྲངས་ལོ་སྔོན་མའི་མཇུག་ལས་བརྒྱ་ཆའི་ཚེག0.7ཡིན། ལོ་སྟོད་ལ་སྒོར་དུང་ཕྱུར2.65འཕར་བ་དང་དུས་མཉམ་ལས་སྒོར་དུང་ཕྱུར6734ཇེ་མང་དུ་སོང་ཡོད། གཞི་གྲངས་ལས་མངོན་པ་ལྟར་ན། 2021ལོའི་དུས་ཚིགས་གཉིས་པའི་མཇུག་ཏུ། མི་དམངས་ཤོག་སྒོར་གྱི་གཟིགས་སྐྱོང་དངུལ་རྩའི་ཁྱབ་ཁོངས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར24.76ཡིན་པ་དང་དུས་མཉམ་ལས25.5%འཕར་ཡོད། ལོ་སྔོན་མའི་མཇུག་ལས་བརྒྱ་ཆའི་ཚེག1.3ཡིན། ལོ་སྟོད་ལ་སྒོར་དུང་ཕྱུར་ཁྲི3.26འཕར་བ་དང་དུས་མཉམ་ལས་སྒོར་དུང་ཕྱུར8324ཇེ་མང་དུ་སོང་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།